རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་གསང་སྲུང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ལས་དོན་སྤེལ་བ།
དུས་བབ་གསར་པའི་གསང་སྲུང་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། གསང་སྲུང་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ། གསང་བ་ཕྱིར་གྱར་གྱི་ཉེན་ཁར་སྔོན་འགོག་ནུས་ལྡན་བཅས་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་གསང་སྲུང་ཅུས་ཀྱི་བློ་མཐུན་སི་ཧུང་པོ་གདན་དྲངས་ནས《དུས་བབ་གསར་པའི་གསང་སྲུང་ལས་དོན་དང་ལས་འགན》བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཟུར་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཞུགས་པ་རེད།
ཚོགས་འདུར་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། གསང་སྲུང་ལས་དོན་གྱི་རྩ་བར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བཅས་བྱས་ནས། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་གསང་སྲུང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ“གསང་སྲུང་ནི་བདེ་འཇཌ་འགན་ལེན་དང་འཕེལ་རྒྱས་འགན་ལེན་བྱེད་པ”ཞིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། གསང་སྲུང་གི་འགན་འཁྲི་ནན་པོ་དཀྲིས་པ་དང་གསང་བ་ཕྱིར་གྱར་གྱི་ཉེན་ཁ་བསལ་ནས་གསང་སྲུང་ལས་དོན་གྱི་བྱེད་པོའི་འགན་འཁྲི་རང་འགུལ་ངང་ཁུར་ཏེ་གཟབ་ལ་ནན་པོ་དགོས་པའི་ལས་ཀའི་བླང་བྱར་བརྟེན་ནས། གསང་སྲུང་ལས་དོན་ལ་རྒྱུན་གཏན་ནས་དམ་འཛིན་ནན་པོ་བྱས་ཏེ་གནད་དོན་གྱི་མངོན་མེད་རྐྱེན་ངན་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་གསང་བ་ཕྱིར་གྱར་གྱི་དོན་རྐྱེན་ཐོན་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།