ལས་རོགས་ཉེན་རྟོག་པར“བདེ་ཐང་ལག་རྟགས་ཁུག་མ”སྤྲད་པ།
—— རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པར་གཟིགས་སྐྱོང་ཡག་པོ་བྱེད་པའི་ཐད་བྱ་ཐབས་དངོས་བཏོན་པ།
འདི་ནི་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པས་སྨན་ཁང་དུ་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ལུས་ལ་ལས་གོས་གྱོན་པའི་ལས་རོགས་ཉེན་རྟོག་པ་གཅིག་མཇུག་གཉིས་མཐུད་ངང་སྨན་ཁང་དུ་འབྱོར་ཞིང་། ནད་བརྟག་ཁྲིད་སྟོན་ལས་སྟེགས་མདུན་དུ་གོ་རིམ་ལྡན་པའི་ངང་གཟུགས་གཞི་བརྟག་དཔྱད་རེའུ་མིག་ལེན་བཞིན་ཡོད། དེ་ནི་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ལས་རོགས་ཉེན་རྟོག་པ་57ཚང་མར“བདེ་ཐང་ལག་རྟགས་ཁུག་མ”སྤྲད་པ་ཞིག་ཡིན་པ་རེད།
ས་མཐོར། གཞི་རིམ་གྱི་ཉེན་རྟོག་ལས་དོན་པ་ཚོ་དུས་ཡུན་རིང་པོའི་ནང་བདེ་འཇགས་སྐོར་ཞིབ་དང་། འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད། བྱེད་སྒོའི་བདེ་འཇགས་སྲུང་སྐྱོང་སོགས་ལས་བྲེལ་ཤིན་ཏུ་ཆེ་བས། མི་མང་པོ་ཞིག་ལ་མཁལ་གཅོང་དང་གཉིད་མི་ཁུག་པ་སོགས་ཀྱི“ལས་རིགས་ནད”ཕོག་ཡོད། ད་ཐེངས་གཟུགས་པོ་བརྟག་དཔྱད་བྱེད་སྐབས་ལས་རོགས་ཉེན་རྟོག་པར“བརྟག་དཔྱད་རྣམ་གྲངས”ཆེད་མངགས་གཏན་འཁེལ་བྱས་ཤིང་། རྣམ་གྲངས་ནང་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག ཁྲག་བརྟག་དཔྱད། སྙིང་པར། གསུས་ཁོག་གི་Bསྒྲ་རླབས་སོགས་བརྟག་དཔྱད་ཁག་10ལྷག་ཙམ་དང་ཆེད་དོན་བརྟག་དཔྱད་ཚུད་ཡོད་པ་རེད།
“ལས་ཀ་དང་གཟུགས་པོ་བརྟག་དཔྱད་གཉིས་ཀ་འཐུས་ཤོར་མི་ཡོང་བའི”འགན་ལེན་བྱ་ཆེད། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཉེན་རྟོག་གི་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ཁག་ཐེངས་ཕྱེ་ནས་འཚང་གཡོལ་ངང་བརྟག་དཔྱད་བྱས་པ་དང་སྦྲགས། ལས་ཀས་རྐྱེན་པས་དུས་ཐོག་ཏུ་གཟུཌ་པོ་བརྟག་དཔྱད་ལ་ཞུགས་མ་ཐུབ་པའི་མི་སྣར་བརྟག་དཔྱད་ཁ་གསབ་བྱ་ཐབས་བཏོན་ནས་ལས་རོཌ་ཉེན་རྟོག་པ་ཚང་མ་གཟུགས་པོ་བརྟག་དཔྱད་ཐུབ་པའི་འགན་ལེན་བྱས་པ་རེད།