དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

    སློབ་སྦྱོང་ལམ་སྲོལ་གསར་གཏོད་བྱས་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སློབ་སྦྱོང་ལམ་སྲོལ་གསར་གཏོད་བྱས་ནས་བཙུགས་ཏེ། ས་ཚིགས་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གཤིས་ཞུན་བརྡར་བྱེད་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་སྐུལ་འདེད་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་ཚིགས་དེས་གནད་དོན་གྱི་གསལ་ཐོ་2ལ་བསྡུར་བ་ནན་པོ་བཏང་ནས་རང་བཤེར་དབྱེ་ཞིབ་བྱེད་པ་དང་རིགས་9ཡི་གནད་དོན་ཁག་13བཤེར་འདོན་བྱས་ནས་དོན་ཚན་རེ་རེ་བཞིན་ལེགས་བཅོས་བྱེད་ཐབས་བཟོས་པ་རེད།

    ས་ཚིགས་དེས་ད་དུང་སློབ་སྦྱོང་ལ་གཙོ་གནད་ཡོད་པ་དང། གཟའ་འཁོར་རེར་བཀོད་སྒྲིག་ཡོད་པ། ཟླ་རེར་འཆར་གཞི་ཡོད་པ། དུས་ཚིགས་རེར་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཚོད་རྒྱུགས་གཏོང་བ་བཅས་ཀྱི་སློབ་སྦྱོང་མ་ལག་བཏོད་པ་དང་། སྣེ་ཁྲིད་སྡེ་ཚན་དང་དུས་ཚོད་དང་མཚམས་ཚིགས་ཁ་གསལ་བཟོས་པ། སློབ་སྦྱོང་ནང་དོན་དང་། རྣམ་པ། བརྒྱུད་རིམ། ཕན་འབྲས་སོགས་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་ལག་བསྟར་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་སྐྱོང་གི་ལས་ཀའི་མ་ལག་དང་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་བཅོས་སྒྲིག་གི་ལས་ཀའི་མ་ལག་ནང་བཅུག་པ། གཞོན་ནུའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་སློབ་སྦྱོང་ཚོགས་ཆུང་གཙོ་བོར་བྱས་ནས“རྒྱལ་མཚམས་སྲུང་སྐྱོང་གཞོན་ནུས་གཏམ་བཤད་སྤེལ་བ”ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་དང“གངས་ལྗོངས་ཀྱི་སློབ་ཁང་ཆུང་ངུ”གཉེར་ནས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་སྒྲོག་འགྲེལ་ལས་སྟེགས་བཏོད་པ་རེད།

    མིག་སྔའི་བར་ཁྱོན་ཉེན་ཟོན་སློབ་གསོའི་བྱེད་སྒོ་ཐེངས་3སྤེལ་བར་ཏང་ཡོན་ལས་བྱེད་པ་མི་ཐེངས་200ལྷག་ཙམ་ཞུགས་ནས་ཟིལ་གནོན་གྱི་ནུས་འབྲས་ཆེན་པོ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།