སེམས་པ་དམངས་ལ་གཏད། བྲལ་མེད་ལྷན་དུ་འགྲོགས།
—— རང་ལྗོངས་ཀྱི་ས་གནས་མང་པོས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ལས་དོན་པས་མང་ཚོགས་ལ་མི་སྒེར་གྱི་དཔལ་འབྱོར་ཉེན་ཁ་ལས་གཡོལ་ཐབས་སྐོར་ངོ་སྤྲོད་བྱེད་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
2025ལོའི་ཟླ་5ཚེས་15ཉིན་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་ཉིན་མོ་ཐེངས་16པ་ཡིན་ཞིང་། དཔལ་འབྱོར་ཉེས་གསོག་དབྱེ་འབྱེད་དང་འགོག་ཟོན་གྱི་མི་དམངས་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་ཆུས(རྫོང)ཁག་གིས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
གཅིག
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རིམ་པ་དེ་གའི་ཞིབ་དཔྱོད་ཁང་དང་། ཁྲིམས་ཁང་། མི་དམངས་དངུལ་ཁང་། ཚོང་དོན་ཅུས། ཁྲོམ་ར་ལྟ་འདོམས་ཅུས། རྡོ་ཐ་ཆེད་ཚོང་ཅུས་སོགས་འབྲེལ་ཡོད་ལས་རིཌ་སྡེ་ཚན་མཐུན་སྦྱོར་སྒྲིག་འཛུགས་བྱས་ཏེ། “5·15”རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་ཚན་པ་16དང་མཉམ་དུ། གྱོད་དཔེ་འགྲེལ་བཤད་དང་། འགྲེམས་པང་འཛུགས་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ། མཉམ་འགུལ་བློ་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དྲིལ་བསྒྲགས་བྱས་པ་མ་ཟད། སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱང་ཧུར་ཐག་སྤྱད་དེ་མང་ཚོགས་དང་ཁེ་ལས་ལ་འགོག་ཟོན་གྱི་ཤེས་བྱ་ཁྱབ་གདལ་བཏང་བས། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
གཉིས།
ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ཏེ། གྲོང་ཁྱེར་ཁྲལ་དོན་ཅུས་དང་། ཁྲོམ་ར་ལྟ་འདོམས་ཅུས། མི་དམངས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་སོགས་སྡེ་ཚན་22དང་སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་ཁག་དང་མཉམ་དུ་ཇ་རྟའི་ཐང་ཆེན་དུ་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲཌ་སྡེ་ཚན་གྱིས་བཅའ་ཁྲིམས་བློ་འདྲིའི་སྟེགས་བུ་བཙུགས་ནས་མང་ཚོགས་ལ་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་དང་གན་རྒྱའི་ཁ་བསླུས་སོགས་ཀྱི་དཔལ་འབྱོར་ཉེས་གསོག་གི་ཁྱད་ཆོས་དང་། གནོད་འཚེ། འགོག་ཟོན་གྱི་ཤེས་བྱ། དབྱེ་འབྱེད་བྱ་ཐབས་བཅས་དྲིལ་བསྒྲགས་བྱས་པ་རེད།
གསུམ།
ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཡན་ལག་རུ་ཁག་གིས་དངུལ་རྩའི་ལྟ་འདོམས་དང་། མི་དམངས་དངུལ་ཁང་། ཁྲལ་དོན། ཁྲོམ་ར་ལྟ་འདོམས་སོཌ་སྡེ་ཚན་དང་མཉམ་དུ“དམངས་དང་བློ་སེམས་གཅིག་མཐུན་གྱིས་ཁྱེད་ལ་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཁོངས་མིའི་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་དང་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་གན་རྒྱའི་ཁ་བསླུས་དང་། ལྐོག་འབྲེལ་དམིགས་འཇོག ལས་གནས་བཙན་བཟུང་། དངུལ་ཁང་གཱ་ཁ་བསླུས། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ། དངུལ་ལོར་རྫུན་མ་བཟོ་ཚོང་སོགས་དཔལ་འབྱོར་གྱོད་གཞིའི་ཁྱད་ཆོས་དང་དེ་བཞིན་འགོག་ཟོན་གྱི་ཤེས་བྱར་དམིགས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་རིགས་ཀྱི་མཚོན་ཚུལ་དང་ཆོས་ཉིད་ཀྱི་ཁྱད་ཆོས་གསལ་བཤད་དང་དབྱེ་ཞིབ་བྱས་ནས་མགོ་སྐོར་འོག་མི་ཚུད་པའི་ཐབས་ཤེས་དང་རང་སྐྱོབ་ཀྱི་ཐབས་རྩལ་བསླབས་པ་རེད།
བཞི།
ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཉིང་ཁྲིའི་བྲག་ཕྱིའི་དུས་རབས་ཐང་ཆེན་དུ། བརྗོད་དོན་གཙོ་བོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་མི་དམངས་ཀྱི་འཚོ་བར་བློ་སེམས་གཅིག་མཐུན་གྱིས་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཆོད་སེམས་མངོན་པར་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྤྱི་བདེ་དང་། མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས། ཁྲལ་དོན་སོགས་སྡེ་ཚན་དང་དེ་བཞིན་དངུལ་ཁང་དང་འགན་བཅོལ་ཀུང་སི་སོཌ་ཚོང་ལས་སྒྲིག་གཞིས་འགྲེམས་པང་དང་བློ་འདྲིའི་སྟེགས་བུ་འཛུགས་པ་དང་སྐོར་སྐྱོད་བཅའ་ཁྲིམས་ཁྱབ་སྤེལ་སོགས་དྲིལ་བསྒྲགས་རྣམ་པ་བཀོད་སྒྲིག་ཞིབ་ཚགས་བྱས་པར་ས་གནས་ས་ཐོག་ཏུ་ཡོད་པའི་མང་ཚོཌ་ཀྱིས་ཚ་ཚ་འུར་འུར་ངང་དྲིལ་བསྒྲཌ་དཔྱད་ཡིག་དང་དྲིལ་བསྒྲཌ་དངོས་རྫས་ལེན་པར་ཡོང་ཞིང་། མཉམ་འགུལ་ཁྲོད་མང་ཚོགས་ཀྱི་དོགས་གཞི་བསལ་བས་དཔལ་འབྱོར་ཉེས་གསོག་འགོག་ཟོན་གྱི་ཤེས་བྱ་ཤེས་པ་མ་ཟད། ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་སོང་བ་རེད།
ལྔ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། ཁྲིམས་འཛིན་ཅུས། ཀྲུང་གོ་དངུལ་ཁང་གྲོ་མོ་ཡན་ལག་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་གྲོ་མོ་ཡན་ལག་དངུལ་ཁང་སོཌ་ཚན་པ་དང་མཉམ་དུ། ཁོངས་གཏོགས་ཁུལ་དུ་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད། མང་ཚོགས་ལ་མིག་སྔའི་མང་ཚོགས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཉེས་གསོག་གི་ཁྱད་ཆོས་དང་། རྒྱུན་མཐོང་གི་ཁ་བསླུས་རྒྱག་སྟངས། མངོན་མེད་གནོད་འཚེ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། མང་ཚོགས་ལ“ཁེ་བཟང་ཆེན་པོ”དང“ཉེན་ཁ་ཆུང་ལ་ཁེ་བཟང་མང་བ”སོགས་ཀྱི་བསླུ་བྲིད་རིགས་ལ་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། མང་ཚོགས་ལ་ཡང་དག་པའི་མ་འཇོག་འདུ་ཤེས་བཙུགས་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ནང་ཞུགས་རྒྱུ་མེད་པའི་ཁྲིད་སྟོན་བྱས་པ་རེད།