བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས།
ཁྲིམས་ལས་འགལ་ནས་རླངས་འཁོར་ལ་བཟོ་བཅོས་རྒྱག་པའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ།
ཉེ་ཆར། བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ཁྲིམས་ལས་འགལ་ནས་རླངས་འཁོར་ལ་བཟོ་བཅོས་རྒྱག་པའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་ཡོད།
བཅོས་སྒྲིག་བྱེད་རིང་། ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལམ་དུམ་དུ་ཚན་རིག་དང་མཐུན་པར་གནས་སྐབས་ཞིབ་བཤེར་ས་ཚིགས་བཙུགས་ནས་ཁྲིམས་ལས་འགལ་ནས་རླངས་འཁོར་ལ་བཟོ་བཅོས་བརྒྱབ་པའི་མངོན་གསལ་དོད་པའི་གནད་དོན་དེར་དམིགས་ཏེ་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད། ཁྲིམས་ལས་འགལ་ནས་རླངས་འཁོར་ལ་བཟོ་བཅོས་རྒྱག་པར་གློག་ལམ་སྒྱུར་བ་དང་འབྲེལ་བ་ཡོད་པས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་ཉེན་ཆེ་བ་དང་རླངས་འཁོར་རང་བཞིན་དུ་འབར་སྲིད་པ་མ་ཟད། ད་དུང་རླངས་འཁོར་གྱི་སྔར་ཡོད་དོ་མཉམ་དང་བརྟན་བརླིང་རང་བཞིན་ལ་འགྱུར་ལྡོག་ཕྱིན་ནས། རླངས་འཁོར་གཏོང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་འགྲིམ་འགྲུལ་དོན་རྐྱེན་ཐོན་སྲིད།
བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་འགྲིམ་འགྲུལ་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱས་ཏེ་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།