དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་མྱུར་སྒྲུབ་རུ་ཆེན་གྱིས་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-27

    འདི་ནི་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱ་ཡུལ་ཡིན་པ།

    ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་མྱུར་སྒྲུབ་རུ་ཆེན་གྱིས“འཕྲལ་སྡོམ་འཇོན་ཐང་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་བདེ་འཇགས་སྲུང་བ”བརྗོད་དོན་གཙོ་བོར་བྱས་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་དངོས་འཐབ་ལྟར་གྱི་ཕྱིར་སྐྱོད་ནང་སྦྱོང་བྱས་པ་རེད། ད་རེས་ཀྱི་ནང་སྦྱོང་དེ་སྟག་རྩེ་ཆུས་སུ་ས་ཡོམ་རིམ་པ་5.8རྒྱག་ཁུལ་བྱས་ཏེ་དཔུང་ཁག་གི་འཕྲལ་དུ་བརྡ་ལན་ཞུ་བ་དང་། མཉམ་ལས་གཞོགས་འདེགས། ཕྱོགས་བསྡུས་རོགས་སྐྱོབ་བཅས་ཀྱི་ནུས་པར་གཙོ་གནད་ཐོག་ཞིབ་དཔྱད་བྱས་ནས་ས་མཐོའི་ཁུལ་གྱི་ཐོལ་བྱུང་རང་བཞིན་གྱི་ས་གཤིས་གནོད་འཚེར་ཁ་གཏད་གཅོག་པར་དངོས་འཐབ་ཀྱི་ཉམས་མྱོང་བསགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།