དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-27

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་བར་སྔར་བས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱི“ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད”ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་མཉམ་དུ་གནས་གཏན་འཁེལ་གྱི་ལས་རེས་ལྟ་སྲུང་དང་སྐབས་བསྟུན་སྐོར་ཞིབ་ཟུང་འབྲེལ་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་བ་རེད།

    བཅོས་སྒྲིག་བྱེད་རིང་། གྲོང་བྱང་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་མཉམ་དུ་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས“ཁ་ཏ་སློབ་སྟོན་དང་། དྲིལ་བསྒྲགས། ཆད་གཅོད་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་འགྲོ་འོང་བྱེད་པའི་རླངས་འཁོར་རེ་རེ་བཞིན་ལ་གྲལ་བཤེར་བྱས་ནས་སྒྲིག་སྲོལ་ལས་འགལ་ཏེ་རླངས་འཁོར་འཇོག་པ་དང་། ཤོང་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ། ཁྲིམས་དང་མི་མཐུན་པར་བཟོ་བཅོས་རྒྱག་པ། གློག་སྒུལ་སྦག་སྦག་གཏན་འབེབས་འཁོར་ལམ་གཞིར་བཟུང་མི་གཏོང་བ། བདེ་འཇགས་རྨོག་ཞྭ་མ་གྱོན་པ། ལྡོག་ཕྱོགས་སུ་འཁོར་རིགས་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།