དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ནས་གཟུགས་བརྙན་གསར་པ་བཏོད་པ།

    ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས“ཉམས་ཞན”ཞྭ་མོ་ཕུད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    འདི་ནི་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་སློབ་གྲྭར་ཁྲིམས་སྐྱོང་བྱེད་སྒོ་སྤེལ་བཞིན་པ། (ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་པར་མཁོ་འདོན་བྱས)

    རྒྱལ་ཡོངས་ཀྱི་ཁྲོད་ནས་ཉམས་ཞན་གྱི་གཞི་རིམ་ཁྲིམས་ཁང་ཞིག་ཡིན་པའི་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་ཇི་ལྟར་བྱས་ནས་གནད་སྨིན་ངང་ལེགས་བཅོས་ཡོང་བ་བྱེད་དགོས་སམ། ཇི་ལྟར་བྱས་ཏེ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་དཔའ་ངར་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་དགོས་སམ། ལས་འགན་དེ་དག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ངོས་ནས་བརྗོད་ན་གོ་སྐབས་ཤིག་རེད།

    ད་ལོའི་ལོ་འགོར་བདེ་བླག་ངང“ཉམས་ཞན”ཞྭ་མོ་ཕུད་རྗེས། 2024ལོར་ཕྱིར་མིག་ལྟ་སྐབས། ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་ཐག་གཅོད་པའི་ཆ་སྙོམས་དུས་འཁོར་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་། ཁྲིམས་འཛིན་གྲོས་འགོར་ལན་འདེབས་ཚད་100%ཟིན་པ། ཁྲིམས་དཔོན་མི་རེ་ངོ་རེས་གྱོད་ཐག་གཅོད་ཚད་དུས་མཚུངས་ལས་11%འཕར་བ། གོང་གཏུག་གྱོད་གཞི་བརྒྱུད་སྤྲོད་བྱེད་པའི་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ། ཁྲིམས་དཔོན་མི་རེ་ངོ་རེས་གྱོད་དོན་མཇུག་སྒྲིལ་བའི་གྲངས་ཚད་དང་། ལག་བསྟར་གནད་ལ་འཁེལ་ཚད། འདུམ་འགྲིག་བྱེད་ཚད། ཡོན་ཀྲང་གིས་གྱོད་ཐག་གཅོད་པའི་གྲངས་འབོར་བཅས་ཚང་མ་ལྷོ་ཁ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད། 2025ལོའི་དུས་ཚིགས་དང་པོར་གྱོད་གཞི་151གྱོད་ཐག་བཅད་ནས་འགག་སྒྲོལ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

    གནད་དོན་ལ་ཐད་ཀར་ཕྱོགས་ནས་དཔུང་ཁག་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པར་སླེབས་པར་བྱས།

    ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་དུ་གསར་འགོད་པས་ལེགས་བཅོས་སྐོར་བཀོད་པའི་ལས་ཀའི་རྩིས་ཐོ་59ལ་ལྟ་སྐབས། ཡིག་འབྲུ་རེ་རེ་ལས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཡར་རྒྱས་བརྩོན་ལེན་ཐད་འབད་འཐབ་བྱེད་པའི་གདེང་ཚོད་དང་ངར་ཤུགས་མཐོང་བྱུང་།

    དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་ཁྲིམས་ཁང་འཕེལ་རྒྱས་ཀྱི་འགག་རྩའི་གནས་ཤིག་ཡིན། ཉམས་ཞན་ཁྲིམས་ཁང་ལེགས་བཅོས་ཀྱི་ལས་དོན་སྤེལ་ཚུན། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲི་མོན་རྫོང་དང་ཝུའུ་ལིང་ཆུས་ཀྱིས་མངགས་པའི་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་གཉིས་ཀྱིས་བོད་སྐྱོར་ལས་དོན་སྤེལ་ནས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཕྱོགས་བསྡུས་སྲིད་འཛིན་དང་གྱོད་གཞི་ཐོ་བཀོད་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕུལ་བྱུང་ན་གཞོན་ཁྲིམས་དཔོན་ལྷུན་རྩེའི་ཁྲིམས་ཁང་དུ་ཡོན་ཀྲང་གཞོན་པ་བྱེད་པར་བཏང་སྟེ་ལས་སྒོའི་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད། ཕྱོགས་བསྡུས་སྲིད་འཛིན་མི་སྣ་མི་འདང་བར་དམིགས་ནས། གོང་རིམ་ཁྲིམས་ཁང་གིས་སྲིད་འཛིན་ལས་གནས་ཀྱི་ལས་དོན་པ་གཅིག་བཏང་ནས་ལེགས་བཅོས་ལས་དོན་ལ་ཤེས་ལྡན་པ་འགན་ལེན་བྱས་ཡོད།

    རི་དང་ཆུ་བོ་མང་ལ་ལོ་ལྟར་རི་བོ་གངས་ཀྱིས་བཏུམས་པའི་རྣམ་པ་དེ་ནི་ཧྲི་མོན་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཏིང་དབྱི་ཐོག་མར་ལྷུན་རྩེ་རྫོང་དུ་འབྱོར་སྐབས་ཀྱི་བག་ཆགས་ཤིག་ཡིན།

    “ལྷུན་རྩེ་རྫོང་ལུང་ཁུག་ཏུ་གནས་པས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཕྱིར་སློབ་སྦྱོང་དུ་བསྐྱོད་ཁག་པོ་ཡོད་པ་མ་ཟད། ཕྱིའི་སྔོན་ཐོན་གྱི་ཉམས་མྱོང་བོད་དུ་ལག་བསྟར་བྱེད་དཀའ་བས་གྱོད་གཞི་སྒྲུབ་གཉེར་གྱི་ལས་ཕྱོད་ཞན་པ་དང་དམངས་བདེ་དམངས་ཕན་གྱི་ཕན་འབྲས་ཐོན་ཐུབ་ཀྱི་མེད”ཅེས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་རྒྱ་མཚོས་བཤད།

    བོད་སྐྱོར་ལས་བྱེད་ཉེན་རྟོག་པ་ཏིང་དབྱི་དང་སུན་ཡུང་ཁྲའོ་གཉིས་ཀྱིས་ས་གནས་གཉིས་ཀྱི་ཁྲིམས་ཁང་དབར་སྦྲེལ་ཟམ་གྱི་ནུས་པ་བཏོན་ཞིང་། 2024ལོར་ཧྲི་མོན་རྫོང་དང་ཝུའུ་ལིང་ཆུས་མི་དམངས་ཁྲིམས་ཁང་གིས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་ནས་སྤྱོད་གོ་ཆོད་པའི་བསམ་འཆར་དང་གྲོས་འགོ་རབ་དང་རིམ་པ་བཏོན་པ་མ་ཟད། ཚད་ཡོད་ཀྱི་དུས་ཚོད་ནང་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་ལས་དོན་དང་ཞུ་གཏུག་ཞབས་ཞུའི་ལས་འགན་གྱི་གསལ་ཐོ་གསེད་བཀྲོལ་བྱེད་རོགས་བྱས་ཡོད།

    2025ལོར་ལས་བྱེད་ཉེན་རྟོག་པ་2ལ་ལྷོ་ཁའི“གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་སྒྲུབ་དཔེ་མཚོན་དང་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ཕུལ་བྱུང་དྲུང་ཡིག”གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་ལས་བྱེད་ཉེན་རྟོག་པ་4རྫོང་ཡོངས་ཀྱི་ཕུལ་བྱུང་གཞུང་ལས་པར་བདམས་ཡོད།

    ལས་སྒོ་གཙོ་བོར་དམིགས་ཏེ་འདྲི་གཅོད་དོ་དམ་གྱི་ལས་ཕྱོད་ཆེ་རུ་བཏང་བ།

    འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ནི་ཁྲིམས་ཁང་གི་ལས་དོན་གྱི་སྲོག་རྩ་ཡིན། 2020ལོ་ནས་བཟུང་། ལྷུན་རྩེ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འཕར་བ་དང་ཆབས་ཅིག་གྱོད་གཞི་ཐོན་ཚད་ཀྱང་མང་དུ་ཕྱིན་ནས2020ལོ་དང་བསྡུར་ན་ད་ལོར་ཁྲིམས་དཔོན་མི་རེས་གྱོད་དོན་མཇུག་སྒྲིལ་བྱེད་ཚད་25མང་དུ་ཕྱིན་ཡོད།

    སྔོན་མ་གྱོད་གཞི་གཅིག་ལ་ཞུ་གཏུག་བྱེད་ཡུན་ཉིན་58.6འགོར་བས་དུས་ཚོད་རིང་ལ་འགན་འཁྲི་ལྕི་པོ་ཡོད། ལེགས་བཅོས་བྱས་རྗེས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཞུ་གཏུག་དུས་ཚོད་ཉིན་36.2བར་ཐུང་དུ་ཕྱིན་པ་དེ་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་ལས་དོན་དོ་དམ་ཞིབ་ཚགས་བྱས་པ་ལས་བྱུང་བ་ཞིག་རེད།

    ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དོ་དམ་ལམ་སྲོལ་དང་། 《གྱོད་གཞིའི་འདྲི་གཅོད་ཚད་བཀག་ཉེན་གཏོང་གི་ལས་སྒྲུབ་སྐུལ་འདེད་ལམ་ལུགས་དང་། འགྱུར་མཚམས་འདྲི་གཅོད་ཚད་བཀག་གི་སྒྲུབ་སྐུལ་ལམ་ལུགས། སྔོན་བརྒལ་འདྲི་གཅོད་ཚད་བཀག་གི་ཞིབ་མཆན་ལམ་ལུགས། འདྲི་གཅོད་ཚད་འགག་ལས་བརྒལ་བའི་གྱོད་གཞིའི་ཆད་གཅོད་ལམ་ལུགས》བཅས་ལམ་ལུགས་ཁག་བཞི་བཟོས་པ་དང་། 《ཡོན་ཀྲང་དང་དིང་ཀྲང་གིས་ཞིབ་དཔྱད་བྱས་པའི་གྱོད་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་པ། སྣེ་ཁྲིད་དེ་རྫོང་ཁྲིམས་འཛིན་ཅུས་དང《མི་དམངས་འདུམ་འགྲིག་པའི་གཏུག་བཤེར་སྦྲེལ་མཐུད་ལས་དོན་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》བཟོས་པ། རྫོང་མི་སྤྱི་ཅུས་དང་མཉམ་དུ《མི་དོན་རྩོད་གཞི་གཏུག་བཤེར་སྦྲེལ་མཐུད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》བཟོས་པ་མ་ཟད། དམིགས་བསལ་གདན་ཞུས་འདུམ་འགྲིག་ཐོན་ཁུངས་མཛོད་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། དམིགས་བསལ་གདན་ཞུས་འདུམ་འགྲིག་རྩ་འཛུགས་5དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་13ལ་གདན་ཞུས་ཡི་གེ་སྤྲད་པས། འགལ་བ་དང་རྩོད་གཞི་སེལ་བའི་ནུས་ལྡན་གྱི་མཉམ་ཤུགས་ཆགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་རབ་དང་རིམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། 2024ལོར་གཏུག་བཤེར་གོང་གི་འདུམ་འགྲིག་ལེགས་གྲུབ་བྱུང་བའི་གྱོད་གཞི་དུས་མཚུངས་ལས་15%འཕར་བ་དང་། འདུམ་འགྲིག་རྩ་འཛུགས་ལ་མངགས་པའི་གྱོད་གཞི་དུས་མཚུངས་ལས་99%འཕར་བ། ཁྲིམས་འཛིན་ཐོག་གཏན་འཁེལ་བྱས་པའི་གྱོད་གཞི་དུས་མཚུངས་ལས་90%འཕར་ཡོད་པ་རེད།

    “བུ་བཅོལ་ཁང་གི་ཕྲུ་གུ་བསུ་སྐྱེལ་རླངས་འཁོར་ལམ་བར་དུ་གཡང་སར་ལྷུང་བའི”གྱོད་གཞི་བདག་སྤྲོད་བྱེད་སྐབས། ཡུག་ཁུལ་དེའི་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་གྱོད་དོན་སླར་མངོན་བྱས་ནས་བརྟག་དཔྱད་དང་འདུམ་འགྲིག་ལས་དོན་སྤེལ་བ་དང་། ཞུ་སྦྱོར་ཕྱི་མ་ཡིན་པའི་སློབ་གསོ་ཅུས་དང་རེས་མོས་ངང་ཕྲུ་གུ་བསུ་སྐྱེལ་བྱེད་མཁན་ཁྱིམ་མཚེས་ཀྱིས་དུས་ཐོག་ཏུ་སྐྱིན་ཚབ་སྒོར་ཁྲི་19སྤྲད་དེ། ཕྲུ་གུ་ཚོ་དུས་ཐོག་དང་ནུས་ལྡན་གྱི་སྨན་བཅོས་ཐུབ་པ་བྱས་པས། གྱོད་དོན་ཐོ་འགོད་ནས་གྱོད་གཞི་མཇུག་སྒྲིལ་བར་ཉིན་བདུན་གྱི་ཞིབ་གཅོད་དུས་ཡུན་ནང་འདུམ་འགྲིག་ཐག་གཅོད་བྱས་ཡོད་པ་རེད།

    ཚན་རྩལ་གྱིས་མཐུན་རྐྱེན་བསྐྲུན་ནས་འདྲི་གཅོད་ལག་བསྟར་ལས་དོན་གྱི་སྤུས་འབྲས་ཆེ་རུ་བཏང་བ།

    “དེ་སྔོན་གྱོད་སྒྲུབ་མི་སྣས་གྱོད་ཡིག་སྐོང་འཐེན་དུས་ཚོད་ཆ་སྙོམས་སྐར་མ་30ཡས་མས་ཡིན་མོད། ད་ལྟ་གློག་རྡུལ་ཡིག་ཚགས་མ་ལག་དང་འདྲི་གཅོད་མ་ལག་གི་གྲངས་གཞིའི་བཀག་རྒྱ་མེད་པ་བཟོས་པས་ཁྲིམས་དཔོན་ལ‘དྲ་ཐོག་ནས་ཡིག་ཚགས་ལྟ་བ’དང‘རིག་ནུས་བཙལ་འཚོལ’བྱ་རྒྱུར་རྒྱབ་སྐྱོར་བྱས་རྗེས། གྱོད་ཡིག་སྐོང་འཐེན་གྱི་དུས་ཚོད་སྐར་མ་5བར་ཐུང་དུ་ཕྱིན་ཡོད”ཅེས་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཀྲོའུ་ཐིང་ཐིང་གིས་གསར་འགོད་པར་ངོ་སྤྲོད་བྱས།

    འདྲི་གཅོད་ཁྲིམས་རའི་སྒྲིག་ཆས་རྙིང་པ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་མ་དངུལ་སྒོར་ཁྲི་51.476བཏང་ནས“རིག་ནུས་འདྲི་གཅོད་ཁྲིམས་རའི་མ་ལག”གཏོད་རྒྱུ་གཙོ་བོར་བྱས་ཏེ་འདྲི་གཅོད་ཁྲིམས་ར“སྲོལ་རྒྱུན་བྱེད་ཐབས”ནས“གྲངས་འཛིན་བྱེད་ཐབས”ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།

    གཞན་ཡང་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་ཉེན་རྟོག་པར་དགའ་ཞེན་བྱེད་པའི་བྱ་ཐབས་དོན་འཁྱོལ་ཡོང་ཆེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁྱོན་མ་དངུལ་སྒོར་ཁྲི་40བཏང་ནས་དྲོ་སྐྱིད་སྦྱིན་པའི་འདུ་འགོད་དང་དེ་བཞིན་ལས་བྱེད་པ་དང་ཉེན་རྟོག་པའི་ཟ་ཁང་ལ་ཉམས་བཟོ་སྒྱུར་བཀོད་བྱས་ཡོད། ལྷུན་རྩེ་རྫོང་ཨུད་དང་། རྫོང་སྲིད་གཞུང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་ཐུཌ་ཁུར་དང་རྒྱབ་སྐྱོར་འོག འདྲི་གཅོད་ཀྱི་ཐོག་བརྩེཌ་གཞུང་ལས་ཁང་དང་། གཏུག་བཤེར་ཞབས་ཞུ་ལྟེ་གནས། ལག་བསྟར་བཀོད་འདོམས་ལྟེ་གནས། དྲོ་སྐྱིད་སྦྱིན་པའི་འདུ་འགོད། ཟ་ཁང་། ལས་བྱེད་པ་དང་ཉེན་རྟོག་པའི་ལས་ཤག་སོཌ་སུ་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་གཞུང་ལས་ཁང་དང་འཚོ་བའི་ཁོར་ཡུག་ལེཌ་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།