དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུན་ཡུང་ཅེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཞབས་འདེགས་ཞུས་པ་དང་འགན་སྲུང་བརྟན་པོ་བྱས་པར་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། དོན་དེར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་སུན་ཡུང་ཅེ་ཡིས“2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་ཆབ་མདོ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྲུན་གྱི་དམིགས་ཚད་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཁྲིམས་བཞིན་གྲོང་ཁྱེར་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད”ཅེས་གསུངས་པ་རེད།

    སུན་ཡུང་ཅེ་ཡིས་ངོ་སྤྲོད་བྱས་དོན། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་འཆད་འཁྲིད་དགེ་རྒན་ཚོགས་པ་དང་། “དཔོན་གསུམ”གྱོད་བརྟེན་ཁྲིམས་འགྲེལ་དགེ་རྒན་ཚོགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི“དཔུང་ཁག་གསུམ”སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་སྟོབས་ཤུགས་ལ་འགུལ་རྣམ་དོ་དམ་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཡོད། “བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་དྲ་ཐོག་ཏུ་གསོ་སྦྱོང་བྱས་པར་གྲོང་ཁྱེར་ཡོངས་སུ“བཅའ་ཁྲིམས་ཤེས་མཁན”བསྡོམས་4955ཡོད་པ་ལས་གྲོང་ཚོ(སྡེ་ཁུལ)ཚང་མར“བཅའ་ཁྲིམས་ཤེས་མཁན”ཉུང་མཐར་ཡང་4ཡོད་པར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་ཁྲི་1.06ལྷག་ཙམ་བྱས་པས། མི་ཐེངས་ཁྲི་2.86གི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པས། མང་ཚོགས་མི་ཐེངས་ཁྲི་52.71ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

    “ལས་བྱེད་པ་སྟོང་གྲོང་ཚོ་སྟོང་དུ་བསྐྱོད་པ་དང་འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཡང་བསྐྱར་གྲལ་བཤེར་བྱེད་པའི”ཆེད་དོན་བྱེད་སྒོ་མུ་མཐུད་སྤེལ་ནས་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་1153གྲོང་ཚོ(སྡེ་ཁུལ)རུ་ཟབ་སྐྱོད་བྱས་ཏེ་བརྟན་ལྷིང་དང་འབྲེལ་བའི་འགལ་བ་དང་མངོན་མེད་རྐྱེན་ངན་གྱི་རྩོད་གཞི་སྣ་ཚོགས་1358གྲལ་བཤེར་བྱས་པ་དང་གྱོད་གཞི་1315ཐག་གཅོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།