དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    འདི་ནི་མི་དམངས་ཉེན་རྟོག་པས་ཤིང་འཛུགས་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་སྔོ་ཚལ་འདེབས་བཞིན་པ།

    ཉེན་རྟོག་སྒར་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། ཕག་རི་མཐའ་མཚམས་མངཌ་གཏོང་ཁང་གིས“ལྗང་མདོག་གི་ཉེན་རྟོག་སྒར། རིག་གནས་ལ་བརྟེན་ནས་ཉེན་རྟོག་པ་གསོ་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས། སྐྱེ་ཁམས་འཛུགས་སྐྱོང་དང་རིག་གནས་སློབ་གསོ་མཐུན་སྦྱོར་ལ་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་མཐའ་སྲུང་མི་དམངས་ཉེན་རྟོག་པའི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་སྐྱེད་སྲིང་བྱས་ཡོད།

    ཤིང་འཛུགས་བྱ་ཡུལ་དུ་མི་དམངས་ཉེན་རྟོག་པ་ཚོས་འཇོར་དང་སྦྱག་མ་ཁྱེར་ནས་ལྗོན་ཤིང་ཧུར་ཐག་འཛུགས་པའི་གཟུགས་བརྙན་དང་རྔམ་བརྗིད་ལྡན་པའི་གངས་རི་ཇོ་མོ་ལྷ་རི་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གནས་ཤིང་། ས་དོང་འདྲུ་བ་དང་། ས་སྐྱོར་རྒྱག་པ། སྡོང་ཕྲུག་འཛུགས་པ། ཆུ་རྒྱག་པ་བཅས་ཀྱི་ལྷུ་ཚིགས་ཚང་མར་མི་དམངས་ཉེན་རྟོག་པས་བློ་རྩེ་གཅིག་སྒྲིམ་དང་གཞོགས་འདེགས་དམ་ཟབ་བྱེད་ཀྱི་ཡོད། མཐའ་མཚམས་སུ་རྩ་བ་ཚུགས་པའི་སྡོང་ཕྲུག་རེ་རེ་ལས་འཐབ་གྲོགས་ཀྱི་མཛའ་བརྩེ་ཟབ་མོ་འདུས་ཡོད།

    ཉེན་རྟོག་སྒར་གྱི་སྒོ་ར་རྒྱབ་མར་ཡོད་པའི་སྐྱེ་ཁམས་འཁོར་སྐྱོད་ཁུལ་དུ་རྣམ་པ་གསར་རྐྱང་དུ་གནས་ཤིང་། མི་དམངས་ཉེན་རྟོག་པས་དྲོད་ཁང་གི་ཚལ་རིགས་ལ་སྐྱེ་ལྡན་ལུད་བརྒྱབ་ནས་འཚོ་བཅུད་མཁོ་འདོན་བྱེད་ཀྱི་ཡོད། དྲོད་ཁང་ཆེ་མོའི་ནང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་དམངས་ཉེན་རྟོག་པས་ཕ་ཡུལ་གྱི་ཁྱད་ལྡན་ལོ་ཏོག་བཏབ་ཡོད་ལ། སུར་པན་དང་། ཀྲོ་མ་ཀྲུ སྟག་མའི་མེ་ཏོག་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གནས་ཡོད།

    ངལ་རྩོལ་གྱི་ཞོར་དུ་རིག་གནས་ལ་བརྟེན་ནས་ཉེན་རྟོག་པ་གསོ་སྐྱོང་བྱེད་པའི་བྱེད་སྒོ་གསོན་ཉམས་དོད་པོས་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་པད་མ་མཚམས་གཅོད་ཀྱིས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་རྒན་གྲས་དང་མཐའ་སྲུང་པ་རྒན་གྲས་ཀྱིས་བསྐྱལ་བའི་འདྲ་པར་རྙིང་པ་དག་འགྲེམས་སྒྲོམ་དུ་བཅུག་ཡོད། ཅུང་ཟད་སེར་པོར་གྱུར་བའི་འདྲ་པར་དེ་དག་ནང་མངགས་གཏོང་ཁང་གི་རྣམ་པ་རྙིང་པ་ཡོད་ལ། དུས་རབས་རིམ་བྱུང་གི་དཔོན་དམག་ཚོས་མང་ཚོཌ་ལ་འཚམས་འདྲིར་བསྐྱོད་པའི་དྲོ་སྐྱིད་ལྡན་པའི་པར་རིས་ཀྱང་ཡོད་པས། དེ་དག་ལས་ཉེན་རྟོག་པ་དང་མང་ཚོཌ་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་མངོན་གྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།