དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས།

    ཁྲིམས་འཛིན་ཞབས་ཞུ་བྱེད་ཁོངས་རྒྱ་སྐྱེད་བཏང་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-23

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་ལ་གཞི་ཚུགས་ནས་ཁྲིམས་འཛིན་ཞབས་ཞུ་བྱེད་ཁོངས་རྒྱ་སྐྱེད་བཏང་སྟེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་གཞོགས་འདེཌ་དང་། མཐའ་མཚམས་ཀྱི་ཁྲིམས་སྐྱོང་སྲུང་བཅད་བརྟན་གཏོང་། ན་གཞོན་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་། ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་ལ་སྐུལ་གཏོང་བཅས་ཀྱི“ཕྱོགས་བཞིའི་ངེས་གནས”ཐོག་ནས་རིམ་སྤེལ་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། “མང་ཚོཌ་གང་དུ་ཡོད་ན་བཅའ་ཁྲིམས་ཁྱབ་གདལ་དེར་ཡོད་པ”མཐའ་འཁྱོངས་ཀྱིས“གྱོད་དཔེ་ཅན་དང་། མཉམ་འགུལ་ཅན། ཚོགས་རིགས་དབྱེ་བ”བཅས་ཀྱི་བྱ་ཐབས་བརྒྱུད་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་བ་རེད།

    གེགས་ཁུལ་གྱི་བཅའ་ཁྲིམས་དགོས་མཁོར་དམིགས་ཏེ། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས“ཇོ་མོ་གླང་མའི་དང་བླངས་ཞབས་ཞུ་རུ་ཁག”ལ་བརྟེན་ནས་གྲམ་མཚོ་དང་། ཆུ་ལྷོ། རྩྭ་སྐོར་སོགས་ཀྱི་གེགས་ཁུལ་དུ་བསྐྱོད་ནས“བརྩེ་སེམས་གེགས་ཁུལ་ལ་འཆང་། བསྐྱར་སྐྲུན་དང་ཁྲིམས་ལུགས་མཉམ་དུ་འགྲོགས”ཞེས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    མཐའ་མཚམས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཞན་ཙམ་ཡོད་པ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། དིང་རི་རྫོང་མི་དམངས་ཁྲིམས་ཁང་ཁོངས་གཏོགས་ཀྱི་མི་དམངས་ཁྲིམས་ར་དང་ཇོ་མོ་གླང་མའི་མི་དམངས་ཁྲིམས་རས་ས་གནས་དེ་གའི་སྲིད་གཞུང་དང་། མཐའ་མཚམས་མངགས་གཏོང་ཁང་། སློབ་གྲྭ་སོགས་དང་མཉམ་འབྲེལ་གྱིས“ཁྲིམས་སྐྱོང་གི་འོད་སྣང་མེས་རྒྱལ་གྱི་མཐའ་མཚམས་སུ་འཕྲོ་བའི”ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། བོད་རྒྱ་སྐད་གཉིས་ནས་བཅའ་ཁྲིམས་ཁྱབ་གདལ་དང་དོགས་འདྲི་སེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས། ཉེས་ཁྲིམས་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ་རེད།

    ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་ལ་དམིགས་ཏེ། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཆུ་ལྷོ་ཤང་ལྟེ་བའི་སློབ་ཆུང་གི་གནས་སྐབས་སློབ་གཉེར་ས་ཚིགས་དང་བུ་བཅོལ་ཁང་དང་པོ་སོགས་སུ་བསྐྱོད་ནས“བརྩེ་སེམས་གེགས་ཁུལ་ལ་འཆང་། ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས”ཞེས་པ་སོགས་ཀྱི་སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། “དབྱིངས་ཞུཌ་རྣམ་པའི་ཉམས་ལེན་དང་འབེན་གཏད་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་ཟུང་འབྲེལ”བྱས་པ་བརྒྱུད། བཅའ་ཁྲིམས་ཤེས་བྱ་གསོན་ཉམས་དོད་པའི་ལག་ལེན་ལ་བསྒྱུར་ཏེ་ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གྲྭའི་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།