དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས་ཉེན་གཏོང་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    ཉེ་དུས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་རིམ་ཁག་འཆད་ཁྲིད་ཚོགས་པའི་ཡན་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མཐོ་བརྩེགས་སྡོད་ཁང་དང་། གྲོང་མིའི་ཁུལ་ཆུང་། མི་སྣ་འདུ་འཛོམས་ཆེ་ཁུལ། རང་བསྐྲུན་ཁང་པ། ལམ་རྒྱུད་ཚོང་ཁང་སོགས་སུ་བསྐྱོད་དེ་གློག་སྒུལ་རྐང་འཁོར་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་པ་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ནས་མེ་ཟོན་དྲིལ་བསྒྲགས་དང་ཉེན་གཏོང་སློབ་གསོའི་བྱེད་སྒོའི་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རིམ་ཁག་འཆད་ཁྲིད་ཚོགས་པའི་ཁོངས་མི“ཁྲོམ་གཞུང་དང་སྲང་ལམ”ཁག་ཏུ་བསྐྱོད་དེ་ཉེ་དུས་ཁང་པའི་ནང་གློག་སྒུལ་རྐང་འཁོར་ལ་གློག་གསོག་སྐབས་ཐོན་པའི་མེ་སྐྱོན་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་སྡེ་ཁུལ་གྱི་གྲོང་མི་དང་། ཚན་པའི་འགན་འཁུར་བ་གཙོ་བོ། ལམ་རྒྱུད་ཚོང་ཁང་གི་ཚོང་པ་དང་མཛོད་ཁང་དང་ཟོག་འགྲུལ་གྱི་ལས་དོན་པ་བཅས་ལ་གློག་སྒུལ་རྐང་འཁོར་སྒྲིག་འགལ་ངང་བཞག་པ་དང་། གློག་གསོག་པ། བཟོ་བཅོས་རྒྱག་པ་སོགས་ལས་ཐོན་པའི་མེ་སྐྱོན་ལས་འཛོལ་དང་གནོད་འཚེར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཅིང་། ས་ཆ་དེ་དག་གི་མངོན་མེད་རྐྱེན་ངན་གྱི་ཉེན་ཁར་དམིགས་ནས་འབྲེལ་ཡོད་འཁོར་བདག་ལ་བཅོས་སྒྲིག་མགྱོགས་མྱུར་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་དང་། སྒྲིག་འགལ་ངང་བཞག་པའི་གློག་སྒུལ་རྐང་འཁོར་དམིགས་གཏན་འཁེལ་བའི་རྐང་འཁོར་འཇོག་ཁུལ་དུ་འཇོག་ཏུ་བཅུག་པ་མ་ཟད། འབྲེལ་ཡོད་མི་སྣར་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་ཡང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་རིམ་ཁག་འཆད་ཁྲིད་ཚོགས་པས་འབྲེལ་ཡོད་དྲིལ་བསྒྲགས་སློབ་གསོ་དང་གསོ་སྦྱོང་གི་བྱེད་སྒོ་ཐེངས་54སྤེལ་ནས་གསར་རྩོམ་བརྡ་སྦྱོར་ཁག་32བཟོས་པ་དང་། ཚན་རིག་ཁྱབ་གདལ་གྱི་དྲན་སྐུལ་བརྙན་ལམ་2བཟོས་པ། གློག་སྒུལ་རྐང་འཁོར་གྱི་མངོན་མེད་རྐྱེན་ངན་དམར་འདོན་ཐེངས་18བྱས་པ། མངོན་མེད་རྐྱེན་ངན་གནས་ས་ཁག་22དམར་འདོན་བྱས་པ། མངོན་མེད་རྐྱེན་ངན་གནས་ས་ཁག་54བཅོས་སྒྲིག་བྱས་པ། དྲིལ་བསྒྲགས་དཔྱད་གཞི་ཁག་1620ལྷག་ཙམ་བཀྲམ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།