དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འབྱུང་རྩ་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲུལ་བཞུད་ཀྱི་ཁོར་ཡུག་བཟང་པོ་བཏོད་པ།

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགན་སྲུང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་གཙང་བཤེར་བྱེད་བཞིན་པ།

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་སྐྱེལ་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    འབྱུང་རྩ་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་ནུས་ལྡན་བཏང་ནས་མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇཌ་འགན་སྲུང་བྱ་ཆེད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཆེན་པོ་དང་ཟུང་འབྲེལ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད་ཡོང་བ་བཅས་བྱས་ཏེ་མང་ཚོགས་ལ་འགྲུལ་བཞུད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།

    “དྲ་གྲགས་གུག་ཆ་Sདབྱིབས”ཀྱི་འགྲིམ་འགྲུལ་བདེ་འཇཌ་ལ་བཅོས་སྒྲིག་ཧུར་ཐག་བྱས་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་འཕྲལ་དུ་བརྡ་ལན་བསློགས་ནས“དྲ་གྲགས་གུག་ཆ་Sདབྱིབས”ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    གྲལ་བཤེར་བྱས་པའི་གནད་དོན་ལ་དམིགས་ནས་གྲོང་ལྷོ་རུ་ཆེན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ཞིབ་ཚགས་ཤིང་ཕྱོགས་ཡོངས་ནས་བཅོས་སྒྲིག་གི་ཇུས་གཞི་བཟོས་ཏེ། དོ་དམ་ཨུ་ལྷན་སོགས་འབྲེལ་ཡོད་ཚན་པར་འབྲེལ་གཏུག་ཧུར་ཐག་དང་ལམ་དུམ་དེ་དག་ལ་འགྲིམ་འགྲུལ་སྒྲིག་ཆས་མང་དུ་གཏོང་བར་མཐུན་སྦྱོར་བྱས་ནས་གཞུང་ལམ་གྱི་མཐོང་ཆ་ཡག་པོ་མེད་རིགས་གསལ་དུ་བཏང་བ་མ་ཟད། ལམ་དུམ་ལ་བརྟག་ཞིབ་བྱས་ནས་ཕྱོགས་རྐྱང་པའི་སྐོར་ལམ་བཟོ་དགོས་མིན་ཚོད་སྐོར་བྱས་ལ། ད་དུང་སྨྱན་སྦྱོར་གསར་པའི་ལས་སྟེགས་མང་པོར་བརྟེན་ནས་བདེ་འཇགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུའང་བཏང་ཡོད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་མུ་མཐུད་ཤུགས་བརྒྱབ་སྟེ་བཅོས་སྒྲིག་གི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞིང་། གུག་ལམ་Sདབྱིབས་ལམ་རྒྱུད་དུ་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་དང་ཉེན་ཁ་ཆེན་པོས་རླངས་འཁོར་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པ་དང་། “མི་ལ་བརྟེན་ནས་འགོག་ཟོན་དང་། ལག་རྩལ་ལ་བརྟེན་ནས་འགོག་ཟོན། དྲིལ་བསྒྲགས་ལ་བརྟེན་ནས་འགོག་ཟོན་བཅས་ཟུང་དུ་འབྲེལ་བའི”འགྲིམ་འགྲུལ་བདེ་འཇགས་དྲ་བ་གཏོད་པ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་རང་རྟོགས་ངང་འགྲིམ་འགྲུལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས“དྲ་གྲགས་ཀྱི་ས་ཁམས་མཚོན་རྟགས”ཀྱི་ཤེས་དཔལ་མཚོན་ཚུལ་དང་བདེ་འཇགས་ཀྱི་མཐའ་ཚད་མཉམ་དུ་སྲུང་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་པ་རེད།

    མྱུར་སྐྱེལ་ལས་རིགས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་དུ་ཧུར་ཐག་བཏང་བ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུཌ་བྱས་ནས་ཅིན་ཏུང་མྱུར་སྐྱེལ་ཀུང་སིའི་སྣེའུ་ཁུལ་གསར་ལས་གཉེར་ཁང་དང་ཧྲེན་ཐུང་མྱུར་སྐྱེལ་ཀུང་སིའི་སྣེའུ་ཁུལ་གསར་ཡན་ལག་པུའུ་རུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཤིང་། ས་ཡུལ་དངོས་ལ་ཞིབ་བཤེར་དང་། སྐོང་འདྲི་བྱེད་པ། ཉེན་ཟོན་སློབ་གསོ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་རེད།གྲལ་བཤེར་ཐུབ་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་དམིགས་ནས་མི་དམངས་ཉེན་རྟོག་པས་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་ཞིང་། ཁེ་ལས་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་རླངས་འཁོར་གྱི་ཁ་ལོ་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཟོན་སློབ་གསོ་བརྒྱབ་པ་དང་ཁེ་ལས་ལ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ནས“རླངས་འཁོར་རེར་ཡིག་ཚཌ་རེའི”དོ་དམ་ལམ་ལུགས་བཟོས་ཏེ་མི་དང་རླངས་འཁོར་གཉིས་ཀའི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    འགྲིམ་འགྲུལ་བདེ་འཇགས་ལ་ཚན་རྩལ་གྱི་འདེགས་སྐྱོར་ཧུར་ཐག་བྱས་པ།

    ཉེ་ཆར། ཆུ་ཤུར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་འཁོར་ལས་གཉེར་ཁེ་ལས་དང་འགྲུལ་སྐྱེལ་ས་ཚིགས་སུ་བསྐྱོད་ནས་སློབ་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་གྱི་GPSཡི་འཁོར་སྐྱོད་མ་ལག་ལ་ཞིབ་བཤེར་ཆེན་པོ་བྱས་ཏེ། “གྲངས་གཞི་ཁུངས་འདེད་དང་། གནད་འཁེལ་བཅོས་སྒྲིག་ཟུང་དུ་འབྲེལ་བའི”ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་རླངས་འཁོར་ཕྱིར་སྐྱོད་ཀྱི་རིག་ལྡན་བདེ་འཇགས་དྲ་བ་བརྟན་དུ་བཏང་བ་རེད།

    བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས“སྒྲིག་ཆས་ལ་ཞིབ་བཤེར་དང་། ལམ་ཐིག་ལ་རྗེས་སྙེག གྲངས་གཞིར་ལྟ་བ”བཅས་ཀྱི་བྱེད་ཐབས་བརྒྱུད་རླངས་འཁོར་ལ་བསྒར་བའི་GPSཡི་སྒྲིག་ཆས་ནང་གི་འགག་རྩའི་གྲངས་གཞིར་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།

    འགྲུལ་སྐྱེལ་ས་ཚིགས་ཀྱི་ཞིབ་བཤེར་བྱ་ཡུལ་དུ། མི་དམངས་ཉེན་རྟོག་པས་རླངས་འཁོར་གྱི་ཟླ་བ་གཅིག་ནང་ཚུན་གྱི་བརྙན་ལམ་ལ་བལྟས་ཏེ། ལས་སྟེགས་ཀྱི་ཐོ་འགོད་དང་རླངས་འཁོར་གྱི་དོན་དངོས་འགྲུལ་བཞུད་ཀྱི་གྲངས་གཞི་བསྡུར་ནས་རླངས་འཁོར་རེ་རེའི་ལམ་ཐིག་དང་མྱུར་ཚད་སོགས་ལ་ཉེན་ཁའི་མངོན་མེད་རྐྱེན་ངན་ཡོད་མེད་གྲལ་བཤེར་བྱས་པ་རེད། གཞན་ཡང་། འགྲུལ་སྐྱེལ་ས་ཚིགས་ལ་རླངས་འཁོར་གྱི་མཁྲེགས་ཆས་སྒྲིག་ཆས་ལ་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་ཤུགས་དང་རླངས་འཁོར་གཏོང་སྐབས་ཀྱི་རྒྱང་ཚོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་དང་སྦྲགས། མི་དམངས་ཉེན་རྟོག་པས་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ནན་པོ་ཞུ་དགོས་པ་དང་། ངལ་དུབ་ཡོད་བཞིན་རླངས་འཁོར་གཏོང་བ་དང་། རླངས་འཁོར་གཏོང་སྐབས་ཁ་གཡེང་མིག་གཡེང་བྱེད་པ། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་སོགས་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།