དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འཕྱོངས་རྒྱས་རྫོང་གི་སྡེ་ཚན་གསུམ་གྱིས་གཉེན་སྒྲིག་གི་ཆ་འཕྲིན་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-20

    ཉེ་ཆར། འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་དང་། རྫོང་དམངས་སྲིད་ཅུས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱིས་གཉེན་སྒྲིག་གི་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད་ལས་ཀའི་ལམ་སྲོལ་གྱི་གན་འཇོག་མཛད་སྒོ་འཚོགས་པ་རེད། བྱེད་ཐབས་དེ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་དམངས་སྲིད་པུའུ་ཡིས་མིང་རྟགས་བཀོད་པའི《སྡེ་ཚན་དབར་གྱི་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུའི་སྐོར་གྱི་མཉམ་ལས་ཀྱི་དྲན་ཐོ》དོན་འཁྱོལ་བྱས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ཞིང་། འཕྱོངས་རྒྱས་རྫོང་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི“ལག་ལེན་པ”ཐོག་མར་གྱུར་ཡོད། བྱེད་ཐབས་དེ་ཐོག་ནས་འཕྱོངས་རྒྱས་རྫོང་གི་གཉེན་སྒྲིག་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་མཐུན་སྦྱོར་བཅོས་སྐྱོང་གི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།