དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ས་མཐོའི་དམངས་ཕན་ལས་དོན་ལ་རིག་ནུས་ཀྱི་མཐུན་རྐྱེན་སྦྱར་བ།

    —— མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས“སོར་རྩེའི་དམངས་ཕན་ཉེན་དོན་ཁང”བཏོད་པ།

  •     སྤེལ་དུས།  2025-05-20

    འདི་ནི་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོཌ་ལ“ཨང་རྟགས”བཤེར་ཏེ་དྲ་ཐོག་ནས་ཁང་པ་གླ་མཁན་གྱི་ཆ་འཕྲིན་སྙན་སེང་ཞུ་སྟངས་སློབ་བཞིན་པ།

    འདི་ནི་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཁང་པའི་གྱང་ལྡེབས་སུ“ཨང་རྟགས་བྱང་བུ”སྦྱོར་བཞིན་པ།

    འདི་ནི་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དོན་དག་ཡོད་ན“ཨང་རྟགས”བཤེར་ནས་སྒྲུབ་པའི་བརྒྱུད་རིམ་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་ནགས་རི་ལུང་གནས་སྤོ་བྱ་ཡུལ་གྱི་ལས་མི་ཧོ་ཆེ་གེ་མོར་ལ་དུག་བརྒྱབ་ནས་མངགས་གཏོང་ཁང་ལ་བསྐྱོད་དེ་ཐོ་འགོད་སྙན་སེང་དུས་ཐོག་ཏུ་ཞུ་ཐབས་བྲལ་བས། རྩ་གཉིས་ཨང་རྟགས་བཤེར་ནས་གནད་དོན་མགྱོགས་མྱུར་ཐག་གཅོད་ཐུབ་པ་རེད།

    “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”རྦད་དེ་སེལ་ཆེད། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས“སེམས་དམར་ཕུབ་སྔོན། མི་དམངས་ཀྱི་གདོང་ལེན་པ”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་བྱེད་སྒོར་བརྟེན་ནས“དོན་དག་ཡོད་ན‘ཨང་རྟགས’བཤེར་ནས་སྒྲུབ་པའི”གཅིག་འཐུས་རྣམ་པའི་ཞབས་ཞུའི་ལས་སྟེགས་གསར་གཏོད་བྱས་ཏེ་བཏོན་པ་དང་། དྲ་རྒྱའི་ཚན་རྩལ་སྤྱད་དེ་གཞི་རིམ་གྱི་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ཞིང་། ཉེན་རྟོག་པ་དང་མང་ཚོགས་དབར་ཐོགས་མེད་བགྲོད་ལམ་བཏོད་དེ་ནུས་ཤུགས་ཡོད་རྒུས“ཨང་རྟགས”བཤེར་ནས་ལས་དོན་སྒྲུབ་པའི་དྲ་ཐོག་ཞབས་ཞུའི་ལས་སྟེགས་བཏོད་པ་རེད།

    ལས་སྟེགས་དེ་ནི་རྩ་གཉིས་ཨང་རྟགས་ཆུང་ངུ་གཞི་རྟེན་དུ་བྱས་ཏེ་བྱེད་ནུས་གཙོ་བོ་ཆེན་པོ་བཞི་བསྡུ་སྒྲིལ་བྱས་ཤིང་། “ཉེན་དོན་ཡོངས་བསྒྲགས”ཀྱི་ཆེད་སྒྲོམ་དང་། ཚན་པའི་ངོ་སྤྲོད། ཞབས་ཞུའི་ཕྱོགས་སྟོན། ཉེན་དོན་ཡོངས་བསྒྲགས་ཆ་འཕྲིན་བཅས་བལྟས་པ་ཙམ་གྱིས་གསལ་པོ་ཡོད་པ་དང་འཁོར་འབྲེལ་ཡོངས་ཀྱི་དྲ་ཐོག་ཞབས་ཞུའི་མ་ལག་བཟོས་ཡོད། ཉེན་རྟོག་པ་དང་མང་ཚོགས་མཉམ་འགུལ་གྱི་མཐུད་སྣེ་ནས་ད་དུང་ཉེན་རྟོག་པར་སྐད་ཆ་བཞག་ནས་འབྲེལ་གཏུག་བྱེད་ཐུབ་ཀྱི་ཡོད། “ཨང་རྟགས”བཤེར་ནས་ལས་དོན་སྒྲུབ་པའི་བྱེད་ནུས་དེས་མི་འབོར་དང་། ཚན་པ། བོགས་གཏོང་ཁང་པ་བཅས་ཀྱི་ཆ་འཕྲིན་དྲ་ཐོག་ནས་ཐོ་འགོད་སྙན་སེང་ཞུ་ཐུབ་པས་ལས་སྒྲུབ་ཀྱི་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་ནས་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    གཞན་ཡང“སྡེ་ཁུལ་ཉེན་དོན་ཚོགས་པའི”ཆེད་སྒྲོམ་དུ་བཅའ་ཁྲིམས་བློ་འདྲི་དང་། དམངས་ཕན་ཞབས་ཞུ། ཉེན་དོན་སྙན་སེང་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཅས་ཡོངས་བསྒྲགས་བྱས་ཏེ། ཉེན་རྟོག་པ་དང་མང་ཚོགས་དབར་ཉིན་མཚན་བལྟོས་མེད་ལ་འབྲེལ་གཏུག་བྱེད་པའི་བགྲོད་ལམ་བཏོད་པ་དང་། “གངས་ལྗོངས་མཐའ་མཚམས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ཆེད་སྒྲོམ་དུ་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་དང་མདོ་གནད་གསལ་འགྲེལ་སོགས་ཕུན་སུམ་ཚོགས་པའི་རྣམ་པ་བརྒྱུད། མཐའ་མཚམས་དོ་དམ་དང་བདེ་འཇགས་ཆད་གཅོད་སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་གཙོ་གནད་ཐོག་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་མཐའ་མཚམས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    “སྔོན་ཆད་མངགས་གཏོང་ཁང་དུ་དོན་དག་སྒྲུབ་པར་འགྲོ་སྐབས་རླངས་འཁོར་ཆུ་ཚོད་གཉིས་ཙམ་གཏོང་དགོས་མོད། ད་ཆ་ཁ་པར་ནས་སྐར་མ་ལྔའི་ནང་སྒྲུབ་ཐུབ་ཀྱི་འདུག”ཅེས་རུ་ཐོག་རྫོང་ནགས་རི་ལུང་གནས་སྤོ་བྱ་ཡུལ་ལས་ཡུལ་གྱི་འགན་འཁུར་བ་ཝེ་ཀྲེང་ཧྥུང་གིས་མྱོང་ཚོར་ཆེན་པོས་བཤད་པ་དེ་ནི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ལས་མི་མང་པོ་ཞིག་གི་སེམས་གཏིང་གི་སྐད་ཆ་རེད། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ཞབས་ཞུའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག མངའ་ཁོངས་ཀྱི་བདེ་འཇཌ་ཐད་བློ་ཡིད་ཚིམ་ཚད་98.6%བར་མཐོ་རུ་ཕྱིན་ནས་དམངས་ཕན་ཞབས་ཞུ་དང་བདེ་འཇགས་འཛུགས་སྐྱོང་གཉིས་ཀར་ཕན་འབྲས་ཐོན་ཡོད།

    ལས་སྟེགས་དེ་དྲ་ཐོག་ཏུ་བཏོན་པ་ནས་བཟུང་། རིམ་རྩིས་བརྒྱབ་ན་ལས་སྒོ་ཁག་320ལྷག་ཙམ་བསྒྲུབས་པ་དང་། མང་ཚོགས་ཀྱི་ལས་སྒོ་གཉེར་བའི་ཆ་སྙོམས་དུས་ཚོད་60%ཐུང་དུ་ཕྱིན་ནས་མཐའ་མཚམས་མང་ཚོགས་ལ“གྲངས་གཞིའི་ཕན་པ”ཏན་ཏིག་ཐོབ་པར་བྱས་ཡོད། “བཤེར་ཙམ་བྱས་ན་དོན་དག་སྒྲུབ་ཐུབ་པའི”གསར་གཏོད་ཀྱི་ལག་ལེན་དེ་རུ་ཐོག་གི་མཐའ་མཚམས་ས་ཁུལ་གྱི་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ནས། བློ་རིག་ཉེན་དོན་འཛུགས་སྐྱོང་ལ་བཀྲག་མདངས་འཚེར་ས་ཞིག་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།