དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ནགས་ཁྲོད་ཀྱི“སྤུ་གྲི” བརྟན་ལྷིང་གི་སྲུང་དམག

    —— སྐྱིད་གྲོང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་བཞི་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-20

    འདི་ནི་སྐྱིད་གྲོང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་བཞི་པས་ཁྲིམས་སྒྱུར་གྱོད་སྒྲུབ་ཀྱི་ལད་ཟློས་ནང་སྦྱོང་བྱེད་བཞིན་པ།

    སྐྱིད་གྲོང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་བཞི་པ་བཙུགས་ཚུན། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་སྐྱིད་གྲོང་འགག་སྒོར་གཞི་ཚུགས་ཏེ། མཐའ་མཚམས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་འགན་ཐེངས་མང་བདེ་བླག་ངང་བསྒྲུབས་ནས། འགག་སྒོའི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱས་པར། སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཏེ། སྔ་རྗེས་སུ་མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པ་ཐེངས་1དང་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་ཐེངས་3ཐོབ་པ་མ་ཟད། གོང་རིམ་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་འགོག་རྐྱེན་བཟོ་བར་རྡུང་རྡེག་གཏོང་བའི“རྔོན་པའི” ཆེད་དོན་བྱ་སྤྱོད་ཀྱི་ཕུལ་བྱུང་མཉམ་སྡེབ་དང“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་བསྩལ་ནས་གཟེངས་བསྟོད་བྱས་ཡོད། 2025ལོའི་ཟླ་4པར། རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ཀྱིས“རྒྱལ་ཡོངས་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིའི་གྲུབ་འབྲས་འབུར་དུ་ཐོན་པའི་གཞོན་ནུ་མཉམ་སྡེབ”ལ་བདམས་པ་རེད།

    “རིམས་ནད་མ་འཇགས་བར། ང་ཚོ་ཕྱིར་བཤོལ་མི་བྱེད” 2022ལོའི་དབྱར་མཇུག་དང་སྟོན་འགོར། བོད་ལ་གློ་བུར་དུ་རིམས་ནད་མཆེད་པ་དང་། དེ་དུས་རུ་དཔོན་གཞོན་པ་ཏིང་ཙའེ་ཁྲེང་གིས་ཉེན་ཁའི་སྐབས་སུ་བཀའ་དང་དུ་བླངས་ནས་རུ་ཁག་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ། སྐྱིད་གྲོང་གྲོང་རྡལ་གྱི་འཛུལ་སྒོར་གུར་སྔོན་པོ་ཕུབ་ནས་ཉིན་མཚན་40ལྷག་ཙམ་རིང་བརྟན་སྲུང་དང་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ་རེད། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་རྒྱལ་མཚམས་ཨང་47པར་སྐོར་ཞིབ་བྱེད་རིང་། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་རྟག་ཏུ་མགོ་བོ་བསྒུར་ནས་རྩི་དམར་པོ་བསྐྱར་དུ་བྱུགས་ཏེ། “ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་སྔོ་ལྗང་གི་རི་ཚོགས་ཁྲོད་དེ་བས་མངོན་གསལ་དོད་དུ་བཏང་ཞིང་། དེ་ནི་ནམ་ཡང་འགྱུར་བ་མེད་པའི་ཁོང་ཚོའི་དམ་བཅའ་དང་ཡོངས་སུ་མཚུངས།

    རུ་ཁག་དེས“ཕན་ཚུན་གསུམ”གྱི་མི་སྐྱོང་ལམ་སྲོལ་གསར་དུ་བཏོད་ནས་རྒྱུན་གཏན་གྱི་འཚོ་བའི་ནང་ཆབ་སྲིད་སློབ་གསོ་ཁྱབ་པར་བྱས་ཡོད། སྐོར་གཡེང་གི་ལམ་བར་དུ་རུ་དཔོན་གཞོན་པ་ཚེ་རིང་རྒྱ་མཚོས་ས་མཚམས་ཆུ་བོ་བསླབ་གཞིར་བརྩིས་ནས་རྒྱལ་མཚམས་ཀྱི་ཤེས་བྱར་གོ་བདེ་དོན་ཟབ་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། མཉམ་འབྲེལ་ཞིབ་བཤེར་བྱ་ཡུལ་དུ་མི་དམངས་ཉེན་རྟོག་པ་རྒན་གྲས་རྡོ་རྗེ་བསྟན་པས་བྱང་ཆུབ་པའི་ནེ་པ་ལའི་སྐད་ཆའི་ཐོག་ནས་མཐའ་མཚམས་ཀྱི་མི་སེར་ལ་སྲིད་ཇུས་སྒྲོག་འགྲེལ་བྱས་པ། མི་དམངས་ཉེན་རྟོག་པ་དོན་གྲུབ་ཀྱིས་ལས་ཀའི་བར་གསེང་དུ་ནེ་པ་ལའི་སྐད་རང་སྦྱོང་དང་རྒྱལ་མཚམས་འཛུལ་སྒྲོལ་སྲིད་ཇུས་ལ་སྦྱངས་བརྩོན་བྱས་པ་བརྒྱུད་ལྐོག་འདྲེན་པ་རྣམས་ཞེད་སྣང་བྱེད་པའི་རྒྱལ་སྒོའི་སྲུང་དམག་ཅིག་ཏུ་འཚར་ལོངས་བྱུང་ཡོད། ད་ཆ་སློབ་སྟོན་པ་ཡིན་པའི་ཏིང་ཙའེ་ཁྲེང་གིས་རྒྱུན་དུ་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཀྲུང་ནེ་མཐའ་མཚམས་ཀྱི་རྒྱལ་མཚམས་ཨང་48པའི་འགྲམ་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་པ་དང་། རང་སྲོག་ཤོར་ཡང་ཞུམ་པ་མེད་པའི་གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱི་དཔའ་ངར་གྱི་བྱས་རྗེས་ཁྲིད་སྟོན་དུ་བྱས་ནས། “འཇུག་གཞི་ཆུང་ངུར”བརྟེན་ནས་ལྷག་བསམ་གྱི་བདེན་པ་གསལ་པོར་བརྗོད་དེ། གངས་ལྗོངས་ཀྱི་མཐའ་མཚམས་དང་འགག་སྒོར་དད་མོས་ཀྱི་ས་བོན་འདེབས་པར་གཞོལ་ཡོད།

    རུ་ཁག་དེས་བལྟས་ན། རྒྱལ་སྒོ་སྲུང་བར་དད་མོས་ཀྱི་སྟོབས་ཤུགས་དགོས་པ་མ་ཟད། དངོས་འཐབ་ཀྱི་འཇོན་ནུས་ཁྱད་དུ་འཕགས་པ་དེ་བས་ཀྱང་དགོས། ཁོང་ཚོས་ཁྱབ་སྤེལ་བཏང་བའི“དགེ་སློབ་ཆ་སྒྲིག”གི་རོགས་སྐྱོར་ལམ་སྲོལ་ལ་གྲུབ་འབྲས་བཟང་པོ་ཐོབ་པ་སྟེ། མི་དམངས་ཉེན་རྟོག་པ་1ལ་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་རག་པ་དང་མི་དམངས་ཉེན་རྟོག་པ་3ཉེན་རྟོག་ལས་དོན་གྱི་གྲངས་གཞི་དབྱེ་ཞིབ་པའི་ཡིག་རྒྱུགས་ལོན་ཡོད།

    རུ་དཔོན་གཞོན་པ་ཚེ་རིང་རྒྱ་མཚོས་ད་ལྟའི་བར་དུའང་ཐེངས་དང་པོའི་གྱོད་སྒྲུབ་བརྒྱུད་རིམ་བརྗེད་ཐབས་བྲལ། རྙོག་འཛིང་ཆེ་བའི་ལྐོག་འདྲེན་གྱོད་གཞིའི་མདུན་དུ་རྡོ་རྗེ་བསྟན་པས་ཁོ་རང་ཁྲིད་དེ་ལྟ་འདོམས་ཁང་དུ་ཉིན་གསུམ་བསྟུད་མར་འབད་བརྩོན་བྱས་ཏེ། 200Gཡི་བརྙན་ལམ་དཔྱད་གཞིའི་ནང་ནས་ལྐོག་འདྲེན་གྱི་ཁུངས་སྣེ་རེ་རེར་ཞིབ་བཤེར་བྱས་པར་མཐར་གྱོད་འབྲེལ་མི་སྣ་གཏན་འཁེལ་ཐུབ་ཡོད། ད་ཆ་ཁོང་ལས་སྒོའི་རྐང་འཛིན་པར་གྱུར་ནས་དངོས་འཐབ་གྲངས་གཞིའི་དཔེ་དབྱིབས་12གསར་གཏོད་ཀྱིས་བཟོས་པ་དེས་རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་མྱུལ་ཞིབ་ལ་གནད་ལ་འཁེལ་བའི་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད་པ་རེད།

    རུ་ཁག་དེའི་གྲུབ་འབྲས་མངོན་གསལ་དོད་པ་སྟེ། སྔ་རྗེས་སུ་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་20ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་གཞི་30ལྷག་ཙམ་ཐག་གཅོད་འོས་འཚམ་བྱས་པ། གསེར་དང་དབྱར་རྩྭ་དགུན་འབུ་སོགས་ལྐོག་འདྲེན་གྱི་གྱོད་གཞི་10ལྷག་ཙམ་རྩད་ཆོད་པ། མཐའ་མཚམས་སུ་འབྱོར་བའི་དོགས་ཡོད་མི་སྣ་ཁག་17བདེ་བླག་ངང་བཀག་ནས་ཕྱིར་ལོག་ཏུ་བཅུག་ཡོད་ཅིང་། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་སྒོ་དང་འགག་སྒོ་སྲུང་བའི་སྲ་མཁྲེགས་ཀྱི་ལྕགས་རི་རིང་པོ་བརྟན་པོ་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།