སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི“ཉམས་ཞན་སེལ་བའི”ཐབས་ལམ།
འདི་ནི་སྐོར་སྐྱོད་ཁྲིམས་ཁང་གི་ཁྲིམས་ར་འཚོག་ཡུལ་ཡིན་པ།
རྒྱལ་ཡོངས་ཀྱི་ཁག་དང་པོའི་གཞི་རིམ་གྱི་ཉམས་ཞན་ཁྲིམས་ཁང་གི་གྲས་ཤིག་ཡིན་པའི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ངོས་ནས་བརྗོད་ན། 2024ལོའི་ནང་ཉམས་ཞན་སེལ་བ་ནི་ཁྲིམས་འཛིན་སྟོབས་ཤུགས་ལ་ཞུན་བརྡར་དང་བྱང་ཚད་མཐོར་གཏོང་གི་ཐབས་ཇུས་གལ་ཆེན་ཞིག་རེད།
གཞི་རིམ་ཁྲིམས་འཛིན་གྱི་ཞབས་འདེགས་ཏན་ཏིག་ཞུས་པ།
རྒྱ་ཆེའི་ཞིང་འབྲོག་པས་ཞུ་གཏུག་བྱེད་པར་ཇི་ལྟར་སྟབས་བདེ་སྐྲུན་དགོས་ཤེ་ན། སྟེང་ཆེན་ཁྲིམས་ཁང་གིས་རང་ཉིད་ཀྱི་ཉམས་ཞན་སེལ་བའི་ཐབས་ཇུས་ཡག་པོ་ཞིག་བཏོན་ཡོད།
“ཁྲིམས་དཔོན་ལགས། ཁྱེད་ཚོས་ང་ཚོ་རྒན་རྒོན་ལ་བསམ་ཤེས་བྱས་ཀྱིས་གྲོང་ཚོ་ཨུ་ལྷན་དུ་ཁྲིམས་ཁང་བཙུགས་ནས། ཞུ་གཏུག་རྒྱག་པར་ཐག་རིང་དུ་འགྲོ་དགོས་མི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ང་ཚོ་ཚང་མ་བློ་ཡིད་ཀྱང་ཚིམ་པོ་ཡོད”ཅེས་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་འདྲི་གཅོད་བྱས་པ་བརྒྱུད་རྒན་རྒོན་གཉིས་དབར་སྔོན་ཆད་ཀྱི་འགལ་བ་བསལ་ནས་སླར་ཡང་འཆམ་མཐུན་བྱུང་ཡོད།
ཉེ་ཆར། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོ་ཨུ་ལྷན་དུ་ཁྲིམས་ཁང་བཙུགས་ནས་དམིགས་བསལ་གྱི་གྱོད་གཞི་ཞིག་ལ་སྐོར་སྐྱོད་འདྲི་གཅོད་བྱས་ཤིང་། གྱོད་གཞི་དེའི་ཞུ་སྦྱོར་སྔ་མ་ལོ་བདུན་ཅུ་ཙམ་ལ་སླེབས་ཡོད་པས། ཉན་ཤེས་ཉམས་ནས་འབྲེལ་གཏུག་བྱེད་ཁག་པོ་ཡོད། ཞུ་སྦྱོར་ཕྱི་མའང་ལོ་ན་རྒས་ལ་རྐང་པ་ཐང་པོ་མེད་པས་རྒྱུན་གཏན་ལྟར་འགྲོ་སྐྱོད་ཐུབ་ཀྱི་མེད། དེར་བརྟེན་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་དུ་གནས་སྐབས་ཁྲིམས་ཁང་བཙུགས་ཤིང་། ཁྲིམས་སའི་འདྲི་གཅོད་བྱེད་རིང་ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོས་དོ་བདག་དང་འབྲེལ་གཏུག་བྱས་ཏེ། སྐད་ཆ་དལ་དུ་དང་སྐད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོས་ཁྲིམས་སའི་འདྲི་གཅོད་ཀྱི་ནང་དོན་ལ་གོ་བ་ཏན་ཏིག་ལོན་པར་བྱས་ཡོད།
དེ་བས་གླེང་རིན་ཡོད་པ་ཞིག་ལ། གྱོད་གཞི་སྒྲུབ་གཉེར་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་དཔོན་གྱིས་ད་དུང་གྱོད་གཞི་གསུམ་གྱི་དོ་བདག་ཀྱང་གཏམ་སྟོད་ཤང་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁྲིམས་དཔོན་གྱིས་རང་འགུལ་ངང་གྱོད་གཞིའི་དོ་བདག་དང་འབྲེལ་གཏུག་བྱས་ནས་ས་གནས་དེ་གར་འདུམ་འགྲིག་བྱས་པ་དང་། ཁྲིམས་ལུགས་གསལ་འགྲེལ་ཡང་ཡང་བརྒྱུད་གནས་ལུགས་བཤད་པ་དང་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་པས། གྱོད་གཞི་གསུམ་བདེ་བླག་ངང་འདུམ་འགྲིག་བྱུང་བའི་ནང་། གྱོད་གཞི་ཁག་གཅིག་ས་གནས་ས་ཐོག་ཏུ་ལག་བསྟར་བྱས་ཚར་ནས“གྱོད་གཞི་གཅིག་ཞིབ་གཅོད་དང་གྱོད་གཞི་མང་པོ་ཐག་གཅོད”ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་ལས་ཚང་མར་ཕན་པ་ཐོབ་ཡོད།
ཁྲིམས་སའི་འདྲི་གཅོད་བྱེད་སར་ད་དུང་མཐའ་འཁོར་གྱི་མང་ཚོགས་ཟུར་ཉན་བྱེད་པར་གདན་དྲངས་ཏེ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གསལ་འགྲེལ་གྱིས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཐེངས་350ལྷག་ཙམ་སྤེལ་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་10ལྷག་ཙམ་སྤྲད་པ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་རྩོད་གཞི་ཁག་150ལྷག་ཙམ་སྒྲུབ་གཉེར་བྱས་ཡོད།
2024ལོའི་ལོ་སྟོད་དུ། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་ཁག་756(གྱོད་གཞི་རྙིང་པ་81ཚུད་པ)བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་16.18%ཆག་པ་དང་། གྱོད་དོན་མཇུག་འགྲིལ་གྱོད་གཞི་465ཡོད་པ་དེ་དུས་མཚུངས་ལས་7.61%འཕར་བ། གྱོད་དོན་མཇུག་འགྲིལ་ཚད་61.51%ཟིན་པ།
ས་གནས་དེ་གའི་ཡུལ་བབ་དམངས་འདུན་ལ་དམ་འཛིན་བྱས་པ།
བོད་ཀྱི་བྱང་ཤར་རྒྱུད་དུ་གནས་པའི་སྟེང་ཆེན་རྫོང་ནི་བྱང་ཕྱོགས་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དང་ནང་ཆེན་རྫོང་ལ་འབྲེལ་བ་དང་། ནུབ་ཕྱོགས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དང་སོག་རྫོང་ལ་འབྲེལ། ཤར་ལྷོ་ཕྱོགས་རི་བོ་ཆེ་རྫོང་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ལ་འབྲེལ་ཡོད། དེ་ནི་ལྗོངས་ཡོངས་ཀྱི་རྫོང་ཡོངས་སུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་མཉམ་སྤྱོད་དོན་འཁྱོལ་བྱེད་ས་འབའ་ཞིག་ཡིན་ལ། དབྱར་རྩྭ་དགུན་འབུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་གལ་ཆེན་ཞིག་ཀྱང་ཡིན། ཁྲིམས་ཁང་གིས་ལོ་མང་རིང་དབྱར་རྩྭ་དགུན་འབུའི་རྩོད་གཞི་འབྱུང་སླ་བ་དང་འབྱུང་མང་བའི་གནས་ཚུལ་ལ་དམིགས་ནས། ཤང་དང་གྲོང་རྡལ་7གྱི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་གཡུལ་ས་གཙོ་བོར་བྱས་ཏེ་དབྱར་རྩྭ་དགུན་འབུའི་ཁྲིམས་ཁང་བཙུགས་པ་མ་ཟད། སྤྱི་ཚོགས་ཀྱི་ཡུལ་བབ་དམངས་འདུན་ཤེས་མཁན་གྱི་ཁྲིམས་དཔོན་བདམས་གཏོང་གིས་སྐོར་སྐྱོད་ངང་གྱོད་གཞི་སྒྲུབ་གཉེར་བྱས་ཡོད།
དབྱར་རྩྭ་དགུན་འབུ་འཐུ་སར་ཞིང་འབྲོག་པའི་གུར་གང་དུ་བརྒྱབ་ཚེ་ཁྲིམས་འཛིན་ཞབས་འདེགས་ཀྱང་དེ་གར་ཞུ་གི་ཡོད། “དབྱར་རྩྭ་དགུན་འབུ་འཐུ་མཁན་གཞན་གླས་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས”ཞེས་དབྱར་རྩྭ་དགུན་འཐུ་ཡུལ་དུ་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་མི་རྣམས་ལ་དྲན་སྐུལ་ཡང་ཡང་བྱས།
མིག་སྔར། དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཟིན་པས། མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད། མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ་གཉིས་ཀྱིས་གཅིག་གཏད་གཅིག་གི་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་བཙུགས་ཤིང་། དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་མཚན་མོ་ཟིན་རིམ་བཞིན་སྦྲ་གུར་ཁྲིམས་ཁང་དུ་གློག་འོད་གསལ་ལེར་འཆར་ལ། ལས་བྱེད་ཉེན་རྟོག་པས་མང་ཚོགས་ཁོམ་ལོང་སྐབས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། འདུམ་འགྲིག ཁྲིམས་ར་འཚོག་པ་བཅས་བྱས་ཏེ་མང་ཚོགས་ཚོར་ཐག་ཉེ་ས་ནས་ཁྲིམས་འཛིན་ཞབས་འདེགས་ཞུ་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཐེངས་350ལྷག་ཙམ་སྤེལ་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་10ལྷག་ཙམ་སྤྲད་པ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་རྩོད་གཞི་ཁག་150ལྷག་ཙམ་ཐག་གཅོད་བྱས་ཡོད།
ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
ཁྲིམས་འཛིན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་སམ་ཞེ་ན། ཤེས་ལྡན་པ་ནི་ཆེས་འགག་རྩ་ཞིག་ཡིན། ཉམས་ཞན་སེལ་ཆེད། སྟེང་ཆེན་ཁྲིམས་ཁང་གིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་གཙོ་བོ་འདིར་དམ་འཛིན་བྱས་ཡོད།
2023ལོར། ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁག་1542བདག་སྤྲོད་བྱས་པ་དང་། ཁྲིམས་དཔོན་4ཡིས་མི་རེས་ཆ་སྙོམས་གྱོད་གཞི་ཁག་385བསྒྲུབས་ཏེ། གྱོད་གཞི་མང་ལ་ཁྲིམས་དཔོན་ཉུང་བ་དང་གྱོད་གཞི་སྒྲུབ་པའི་ཐད་ཁྲིམས་དཔོན་གྱི་གནོན་ཤུགས་ཆེ་སྟབས། གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་ཡོད། རྒྱལ་ཡོངས་ཀྱི་ཁག་དང་པོའི་ཅུང་ཉམས་ཞན་གྱི་གཞི་རིམ་ཁྲིམས་ཁང་ཡིན་པའི་ངོས་ནས་ཉམས་ཞན་སེལ་བའི་ལྟེ་བ་ནི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྱོད་སྒྲུབ་དཔུང་ཁག་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཡིན།
སྟེང་ཆེན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་འོག རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་ལས་བྱེད་པ་བདམས་ཏེ་ཁྲིམས་ཁང་དུ་ལས་ཀ་བྱེད་པར་མངགས་པ་དང་སློབ་སྦྱོང་བྱེད་སེམས་ཆེ་བ་དང་འགན་འཁྲི་འཁུར་སེམས་ཡོད་པའི་ན་གཞོན་ལས་བྱེད་པ་3སྟེང་ཆེན་ཁྲིམས་ཁང་གི་དཔུང་ཁག་ནང་ཞུགས་ཡོད།
2024ལོའི་ལོ་སྟོད་དུ། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་ཁག་756(གྱོད་གཞི་རྙིང་པ་81ཚུད་པ)བདག་སྤྲོད་བྱས་པ་དུས་མཚུངས་ལས་16.18%ཆག་པ་དང་། གྱོད་དོན་མཇུག་འགྲིལ་པའི་གྱོད་གཞི་ཁག་465ཟིན་པ་དུས་མཚུངས་ལས་7.61%འཕར་བ། གྱོད་དོན་མཇུག་འགྲིལ་ཚད་61.51%ཟིན་པ། འདྲི་ཞིབ་དང་པོའི་དཔྱད་མཚམས་བཟོ་བཅོས་བྱེད་ཚད་1.6%ཟིན་པ། གྱོད་དོན་མཇུག་འགྲིལ་ཚད་དུས་མཚུངས་ལས་16.36%འཕར་བ། ཁྲིམས་གཏན་འཁེལ་བའི་འདྲི་ཞིབ་དུས་བཀག་ནང་གྱོད་དོན་མཇུག་འགྲིལ་ཚད་100%ཟིན་པ། གྱོད་གཞིའི་གྲངས་འབོར་ཆབ་མདོ་གྲོང་ཁྱེར་གྱི་ཨང་གཉིས་པ་དང་གྱོད་དོན་མཇུག་འགྲིལ་ཚད་ཆབ་མདོ་གྲོང་ཁྱེར་གྱི་ཨང་གསུམ་པར་སླེབས་ཡོད། 2023ལོའི་དུས་མཚུངས་དང་བསྡུར་ན་གྱོད་སྒྲུབ་ཁྲིམས་དཔོན་གྱི་མི་གྲངས་མང་ཉུང་གཅིག་པ་ཡིན་ཡང་མི་རེས་ཆ་སྙོམས་གྱོད་གཞི་10ཡིས་མང་བ་བསྒྲུབས་ཡོད་པ་རེད།