དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

    ཁྲིམས་སྒྱུར་ནུས་མཐོས་དམངས་འཚོ་མྱུར་བར་བསྲུངས། སྟོབས་ཤུགས་གཅིག་སྒྲིལ་དམངས་ཀྱི་སེམས་ཁྲལ་བསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ལག་བསྟར་གྱོད་གཞི་6བདེ་བླག་ངང་ཐག་གཅོད་བྱས་ནས་ལག་བསྟར་གྱོད་གཞིའི་དངུལ་སྒོར་ཁྲི་20ལྷག་ཙམ་བདའ་འདེད་ཐུབ་ནས། ལག་བསྟར་རེ་ཞུ་བྱེད་མཁན་མི་6གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་སྟེ། ཁྲིམས་འཛིན་གྱི་དབང་གྲགས་དང་སྤྱི་མོས་མངོན་ཡོད།

    ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཞུ་སྦྱོར་སྔ་མ་ལི་ཆེ་གེ་མོ་སོགས་མི་6དང་ཞུ་སྦྱོར་ཕྱི་མའི་ཀུང་སི་ག་གེ་མོ་ཞིག་བར་ངལ་རྩོལ་གན་རྒྱའི་རྩོད་གཞི་བྱུང་ཡོད། ཁྲིམས་ཁང་གིས་ཞིབ་བཤེར་ཐག་གཅོད་བྱས་ནས། ཞུ་སྦྱོར་ཕྱི་མས་ཞུ་སྦྱོར་སྔ་མར་ངལ་ནུས་དངུལ་སྒོར་ཁྲི་20ལྷག་ཙམ་སྤྲོད་དུ་བཅུག་མོད། འོན་ཀྱང་ཞུ་སྦྱོར་ཕྱི་མས་དངུལ་སྤྲད་མེད་པས་ཞུ་སྦྱོར་སྔ་མ་ཐབས་ཟད་དེ་2025ལོའི་ཟླ་3ཚེས་6ཉིན་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།

    གྱོད་གཞི་ལག་བསྟར་གྱི་བརྒྱུད་རིམ་དུ་སླེབས་པས། ཁྲིམས་སྒྱུར་དཔོན་གྱིས་མགྱོགས་མྱུར་ཁྲིམས་འཛིན་དྲ་རྒྱའི་ཞིབ་བཤེར་ཚོད་འཛིན་མ་ལག་བརྒྱུད་སྲོལ་རྒྱུན་གྱི་ཞིབ་བཤེར་ཚོད་འཛིན་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་བྱ་མིའི་དངུལ་ཁང་གི་བཅོལ་དངུལ་དང་། སྒེར་འཁོར། རང་བདག་ཁང་པ། དངུལ་འཛིན་སོགས་སྣ་ཚོགས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པས་ཞུ་སྦྱོར་ཕྱི་མའི་དངུལ་ཁང་གི་རྩིས་ཐོའི་ནང་བཅོལ་དངུལ་ཡོད་པ་ཤེས། ཡ་རབས་ལག་བསྟར་དང་སེམས་བཟང་ལག་བསྟར་གྱི་འདུ་ཤེས་འཛིན་ནས། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ལག་བསྟར་བྱ་མིའི་རྩིས་ཁྲ་ཐད་ཀར་བཀག་འཇོག་བྱས་མེད་ལ། ལག་བསྟར་བྱ་མི་དང་འབྲེལ་གཏུག་ཐེངས་མང་བྱས་ནས་དངུལ་སྤྲོད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། དངུལ་དུས་ཐོག་ཏུ་མ་སྤྲད་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པའི་མཇུག་འབྲས་ནན་བཤད་བྱས་མོད། འོན་ཀྱང་ལག་བསྟར་བྱ་མིའི་རྣམ་འགྱུར་ངན་པའི་ཁར། ཁྲལ་སེལ་སླ་བཅོས་ཀྱི་སྒོ་ནས་གཡོལ་ཐབས་བྱས་ཡོད།

    སྒྲུབ་འགན་འཁུར་མཁན་གྱིས་དྲ་རྒྱའི་ཞིབ་བཤེར་ཚོད་འཛིན་བྱས་འབྲས་ཀྱི་གནས་ཚུལ་ལ་མུ་མཐུད་བརྟག་དཔྱད་བྱེད་སྐབས། ཞུ་སྦྱོར་ཕྱི་མའི་དངུལ་ཁང་རྩིས་ཁྲའི་ནང་གི་བཅོལ་དངུལ་འཐེན་པ་ཤེས་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་འཕྲལ་མར་ཁྲིམས་ལྟར་འབྲེལ་ཡོད་ཁུངས་སྣེར་བརྟག་དཔྱད་བྱས་པ་དང་འབྲེལ་རྩིས་ཁྲ་བཙན་ཤེད་ངང་བཀག་འཇོག་བྱས་ཡོད། བཀག་འཇོག་བཀའ་བཅད་ཡི་གེ་ཕྱོགས་གཉིས་ཀྱི་དོ་བདག་ལ་སྤྲད་རྗེས་ཀྱི་བསམ་འཆར་འདོན་པའི་ཉིན་15ཡི་ནང་། དོ་བདག་གིས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལ་ཡིག་ཐོག་ནས་བསམ་འཆར་བཏོན་མེད་པས། ཁྲིམས་ཁང་གིས་འགན་དབང་ལྟར་ལག་བསྟར་བྱ་མིའི་རྩིས་ཁྲའི་ནང་གི་གྱོད་གཞིའི་དངུལ་ཚང་མ་བཙན་ཤེད་ཀྱིས་འཐེན་སྒྱུར་བྱས་པ་རེད། དེ་རྗེས་གྱོད་གཞི་རེ་དང་རྩིས་ཁྲ་རེའི་ལམ་སྲོལ་བརྒྱུད་ཁྲིམས་ཁང་གིས་གྱོད་གཞིའི་དངུལ་ཚང་མ་རེ་འདུན་ཞུ་མཁན་མི་6གི་རྩིས་ཁྲའི་ནང་བླུགས་པ་རེད།

    ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྱོད་གཞིའི་བདའ་འདེད་དངུལ་ཚུར་བླངས་པ་དེ་ཐོག་ནས་ཁྲིམས་ཁང་གིས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་མ་ཟད། ལག་བསྟར་ཁྲིམས་དཔོན་གྱིས་རྙོག་འཛིང་ཆེ་བའི་ལག་བསྟར་གྱོད་གཞི་འཕྲད་སྐབས་ཀྱི་ཆེད་ལས་ནུས་པ་དང་ལས་བཀུར་སྙིང་སྟོབས་ཀྱང་མངོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།