དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁྲིམས་སྐྱོང་གིས་གཡས་གཞོགས་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    2025ལོའི་ཟླ་4ཚེས་30ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    དམངས་གཉེར་དཔལ་འབྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་རེད། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་དང་པོ་ཡིན་པའི་དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་དམངས་གཉེར་དཔལ་འབྱོར་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛད་ཕྱོགས་སྲིད་ཇུས་དང་ལག་ལེན་ཁྲོད་ཀྱི་ཕན་ནུས་ལྡན་པའི་བྱེད་སྟངས་དེ་བཅའ་ཁྲིམས་ཀྱི་ལམ་ལུགས་སུ་བསྒྱུར་ཡོད་པས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ། དམངས་གཉེར་དཔལ་འབྱོར་གྱི་སྐྱེ་སྟོབས་འཕེལ་བ་བཅས་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།