ཚན་རིག་དང་མཐུན་པའི་ངང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་དགོས།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
87. གསོས་ཕྲུག་དང་ལུས་སྦྱིན་ཕ་མའི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ནམ་ཞིག་ནས་མེད་པར་གྱུར་སྲིད་དམ།
ལན། གསོ་ཉར་གྱི་འབྲེལ་བ་བཙུགས་པ་ནས་བཟུང་མེད་པར་གྱུར་ཟིན། གལ་ཏེ་གསོ་ཉར་གྱི་འབྲེལ་བ་མེད་པར་གྱུར་བ་མ་ཟད། གསོས་ཕྲུག་སྐབས་དེར་སྔར་བཞིན་ན་སོ་དར་ལ་མ་བབས་པ་ཡིན་ན། དེ་དང་ལུས་སྦྱིན་ཕ་མའི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་རང་འགུལ་གྱིས་སླར་གསོ་བྱེད་ཐུབ། གལ་ཏེ་གསོས་ཕྲུག་ན་སོ་དར་ལ་བབས་ཚེ། ལུས་སྦྱིན་ཕ་མ་དང་ན་སོ་དར་ལ་བབས་པའི་གསོས་ཕྲུག་དབར་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་དགོས།
88. ལུས་སྦྱིན་ཕ་མས་རེ་བ་བཏོན་པའི་དབང་གིས་གསོ་ཉར་གྱི་འབྲེལ་བ་མེད་པར་གྱུར་བར་གསོ་མཁན་ཕ་མས་ལུས་སྦྱིན་ཕ་མར་དཔལ་འབྱོར་གྱི་སྐྱིན་གསབ་འཇལ་རྒྱུའི་རེ་བ་འདོན་ཆོག་གམ།
ལན། ལུས་སྦྱིན་ཕ་མས་བུ་ཕྲུག་གསོ་ཉར་བྱེད་རིང་བཏང་བའི་འཚོ་སྐྱོང་གྲོན་དངུལ་སྐྱིན་གསབ་འོས་འཚམ་སྤྲོད་དགོས་པའི་རེ་བ་ལུས་སྦྱིན་ཕ་མས་འདོན་ཆོག ཡིན་ནའང་གསོ་མཁན་ཕ་མས་གསོས་ཕྲུག་ལ་མནར་གཅོད་གཏོང་བ་དང་གསོས་ཕྲུག་དབྱུག་པའི་དབང་གིས་གསོ་ཉར་གྱི་འབྲེལ་བ་མེད་པར་གྱུར་བ་ཕུད་ཡོད།
89. ཁ་ཆེམས་བཞག་ནས་གཏན་འཁེལ་བྱས་པའི་ཤུལ་བཞག་རག་མིས་ཤུལ་བཞག་དང་ལེན་ནམ་ཡང་ན་བློས་གཏོང་གང་ཡང་མ་བྱས་ཚེ། ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ལན། དེས་ཤུལ་བཞག་ཡོད་པ་ཤེས་པའི་ཉིན་ནས་བཟུང་ཉིན་60ཡི་ནང་དུ་ལན་མ་བརྒྱབ་ན། བློས་བཏང་བར་བརྩི་དགོས།
90. ཁྲིམས་བཀོད་ཤུལ་འཛིན་ཁྲོད་ཀྱི་ཤུལ་འཛིན་པས་ཤུལ་བཞག་དང་ལེན་ནམ་ཡང་ན་བློས་གཏོང་གང་ཡང་མ་བྱས་ཚེ། ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ལན། གལ་ཏེ་བློས་བཏང་བ་ཡིན་ན་ངེས་པར་དུ་ཡིག་ཐོག་གི་དཔང་ཡིག་དགོས་པ་དང་། མིན་ན་ཤུལ་འཛིན་དང་ལེན་བྱས་པར་བརྩི་དགོས།
91. གསོས་ཕྲུག་གམ་ཡང་ན་གསོ་སྐྱོང་གི་འབྲེལ་བ་ཡོད་པའི་སྔ་ཚར་གྱིས་གསོ་མཁན་ཕ་མའམ་ཡང་ན་གསོ་སྐྱོང་གི་འབྲེལ་བ་ཡོད་པའི་ཕ་གཡར་མ་གཡར་གྱི་རྒྱུ་ནོར་ཤུལ་འཛིན་བྱེད་ཆོག་གམ།
ལན། བྱེད་ཆོག་གི་ཡོད།
92. བྱི་ཕྲུག་གིས་ལུས་སྦྱིན་ཕ་མའི་རྒྱུ་ནོར་ཤུལ་འཛིན་བྱེད་ཆོག་གམ།
ལན། བྱེད་ཆོག་གི་ཡོད།
93. ཤུལ་འཛིན་བྱེད་མཁན་བུ་ཕྲུག་ཤུལ་འཛིན་པའི་སྔོན་ལ་འཆི་བ་ཡིན་ན། ཤུལ་འཛིན་པའི་བུ་ཕྲུག་གི་ཐད་རྒྱུད་ཕྱི་རབས་ཀྱིས་ཚབ་བྱས་ནས་ཤུལ་འཛིན་བྱེད་ཆོག་གམ།
ལན། བྱེད་ཆོག་གི་ཡོད།
94. ཤུལ་འཛིན་པའི་གཅེན་གཅུང་ཤུལ་འཛིན་པའི་སྔོན་ལ་འཆི་བ་ཡིན་ན། ཤུལ་འཛིན་པའི་གཅེན་གཅུང་གི་བུ་ཕྲུག་གིས་ཚབ་བྱས་ནས་ཤུལ་འཛིན་བྱེད་ཆོག་གམ།
ལན། བྱེད་ཆོག་གི་ཡོད།
95. ཤུལ་བཞག་ཤུལ་འཛིན་བྱེད་པའི་ཐད་རྩོད་གཞི་བྱུང་བའི་དབང་གིས་གྲོས་མོལ་གཅིག་མཐུན་མ་བྱུང་ན། ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
ལན། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་བྱེད་པའམ་ཡང་ན་ཁྲིམས་ཁང་དུ་ཞུ་གཏུག་རྒྱག་ཆོག
96. སྒྲ་ཕབ་དང་བརྙན་ཕབ་ཐོག་ནས་བཞག་པའི་ཁ་ཆེམས་ཀྱིས་གོ་ཆོད་དམ།
ལན། དཔང་པོ་གཉིས་ཡན་གྱིས་ས་ཡུལ་དངོས་སུ་བདེན་དཔང་བྱེད་པ་མ་ཟད། སྒྲ་ཕབ་དང་བརྙན་ཕབ་ནང་ཁ་ཆེམས་འཇོག་མཁན་དང་དཔང་པོའི་མིང་ངམ་ཡང་ན་འདྲ་པར་དང་ལོ་དུས་ཚེས་གྲངས་བཅས་ཟིན་ཐོར་བཀོད་ཡོད་ཅིང་། དཔང་པོ་དང་། ཤུལ་འཛིན་པ། ཤུལ་བཞག་རག་མི་བཅས་ཀྱི་དབར་ཁེ་གྱོང་གི་འབྲེལ་བ་མེད་ཕྱིན། སྒྲ་ཕབ་དང་བརྙན་ཕབ་ཐོག་ནས་བཞག་པའི་ཁ་ཆེམས་ཀྱིས་གོ་ཆོད་ཐུབ།
97. བཟའ་ཚང་ཕྱོགས་གཅིག་ཚེ་ལས་འདས་རྗེས་གཅིག་ཤོས་ཀྱིས་སླར་ཡང་གཉེན་སྒྲིག་བྱས་ཚེ་དེས་ཤུལ་བཞག་རྒྱུ་ནོར་ལ་ཐག་གཅོད་བྱེད་ཆོག་གམ།
ལན། བྱེད་ཆོག་པ་མ་ཟད་རྩ་འཛུགས་སམ་མི་སྒེར་གང་རུང་གིས་ཐེ་ཇུས་བྱེད་མི་ཆོག
98. དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིར་སློབ་གསོའི་ལས་ཁུངས་སུ་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་མི་ལུས་ལ་གནོད་འཚེ་ཕོག་ཚེ་དབང་གནོད་འགན་འཁྲི་སུས་འཁུར་དགོས་སམ།
ལན། སློབ་གསོའི་ལས་ཁུངས་དེས་དབང་གནོད་འགན་འཁྲི་འཁུར་རྒྱུར་ཐད་ཀར་གཏན་འཁེལ་བྱེད་ཆོག་མོད། འོན་ཀྱང་སློབ་གསོའི་ལས་ཁུངས་ཀྱིས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་བསྒྲུབས་པའི་དཔང་རྟགས་བཏོན་ཚེ་དབང་གནོད་འགན་འཁྲི་འཁུར་དགོས་ཀྱི་མེད།
99. དམངས་དོན་བྱ་སྤྱོད་ལ་ཚོད་འཛིན་ཕོག་པའི་མིར་སློབ་གསོའི་ལས་ཁུངས་སུ་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་མི་ལུས་ལ་གནོད་འཚེ་ཕོག་ཚེ་སུས་དབང་གནོད་འགན་འཁྲི་འཁུར་དགོས་སམ།
ལན། སློབ་གསོའི་ལས་ཁུངས་ཀྱིས་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་བསྒྲུབས་མེད་པའི་དཔང་རྟགས་ཡོད་པའི་གནས་ཚུལ་འོག་སློབ་གསོའི་ལས་ཁུངས་ཀྱིས་དབང་གནོད་འགན་འཁྲི་འཁུར་དགོས།
100. མི་གཞན་གྱི་འཕྲུལ་སྒུལ་འཁོར་རིགས་ཆོག་མཆན་མ་ཐོབ་པར་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་པ་མ་ཟད་འཕྲུལ་སྒུལ་འཁོར་རིགས་ཕྱོགས་ཀྱི་འགན་འཁྲིའི་ཁོངས་སུ་གཏོགས་ཚེ་སུས་དབང་གནོད་འགན་འཁྲི་འཁུར་དགོས་སམ།
ལན། འཕྲུལ་སྒུལ་འཁོར་རིགས་སྤྱོད་མཁན་གྱིས་སྐྱིན་གསབ་འགན་འཁྲི་འཁུར་དགོས། གལ་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་དང་དོ་དམ་པས་གནོད་འཚེའི་བྱ་སྤྱོད་དེར་ནོར་འཁྲུལ་ཡོད་ཕྱིན་དེ་མཚུངས་ཀྱི་སྐྱིབ་གསབ་འགན་འཁྲི་འཁུར་དགོས། (ཡིད་གཟབ་བྱེད་དགོས་པར། ཞོར་འདྲུད་འགན་འཁྲི་མ་ཡིན)