དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    58 གནས་ཚུལ་གང་དག་འོག་ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུ་ཆོག་གམ།

    དོན་ཚན་ཆིག་སྟོང་དང་རེ་དྲུག་པ། གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་གཤམ་གསལ་གྱི་གནས་ཚུལ་ཡོད་ཚེ། ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་ལ་དབང་བའི་རྒྱུ་ནོར་བགོ་བཤའ་རྒྱག་དགོས་པའི་རེ་འདུན་ཞུ་ཆོག

    (གཅིག) ཕྱོགས་གཅིག་ལ་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག བག་མེད་རྒྱས་སྤྱོད་བཅས་བྱས་པའམ་ཁྱོ་ཤུག་ཐུན་མོང་གི་བུན་འགན་རྫུན་བཟོ་བྱས་པ་སོགས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གྱི་ཁེ་ཕན་ལ་གནོད་རྐྱེན་ཚབས་ཆེན་བཟོ་བའི་བྱ་སྤྱོད་ཡོད་པ་དང་།

    (གཉིས) ཁྲིམས་བཀོད་འཚོ་སྐྱོང་འོས་འགན་ཡོད་མཁན་ཕྱོགས་ལ་ན་ཚ་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་དགོས་བྱུང་བར་ཅིག་ཤོས་ཀྱིས་འབྲེལ་ཡོད་སྨན་རིན་མི་སྤྲོད་པ།

    ཁྲིམས་ལུགས་འཆད་སྟེགས།

    སྤྱིར་བཏང་གནས་ཚུལ་འོག་ཁྱོ་ཤུག་ཕྱོགས་གཅིག་གིས་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་པར་གཉེན་འཐོར་བྱ་རྒྱུའི་ཞུ་གཏུག་བརྒྱབ་པ་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་དགོས་པ་དང་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་པར་རྩ་དོན་ཐོག་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་མི་སྲིད། ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་ཁག་དེ་དག་གི་ཁོངས་སུ་མི་ཚུད་དེ། གཅིག་ནི་ཁྱོ་ཤུག་ཕྱོགས་གཅིག་ལ་ཁྱོ་ཤུག་གི་ཐུན་མོང་རྒྱུ་ནོར་གྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱ་སྤྱོད་ལྡན་པ་དང་། གཉིས་ནི་ཁྱོ་ཤུག་ཕྱོགས་གཅིག་ལ་ཁྲིམས་བཀོད་ཀྱི་འཚོ་སྐྱོང་འོས་འགན་ཡོད་པར་ན་ཚ་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་དགོས་བྱུང་བར་ཅིག་ཤོས་ཀྱིས་འབྲེལ་ཡོད་སྨན་རིན་མི་སྤྲོད་པ། ཁྱོ་ཤུག་ཕྱོགས་གཉིས་པོར་ཐུན་མོང་རྒྱུ་ནོར་ལ་འདྲ་མཉམ་གྱི་བདག་དབང་དང་གཏོར་དབང་ཡོད་པ་དང་ཁྱོ་ཤུག་ཕྱོགས་གཅིག་ལ་གོང་གསལ་གྱི་གནད་དོན་གཉིས་ནང་ནས་གཅིག་ཡོད་པར་བཅའ་ཁྲིམས་ཀྱིས་ཅིག་ཤོས་ལ་གཉེན་སྒྲིག་གི་འབྲེལ་བ་སོར་གནས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རོགས་སྐྱོབ་ཐོབ་པའི་དབང་ཆ་སྤྲོད་དགོས།

    59ཕ་བུའི་འབྲེལ་བར་བསམ་འཆར་མི་འདྲ་བ་ཡོད་པའི་ཕའམ་མས་ཕ་བུའི་འབྲེལ་བ་ངེས་གཟུང་བྱེད་པའམ་ཡང་ན་དགག་སྒྲུབ་བྱེད་པའི་རེ་འདུན་ཞུ་ཆོག་གམ།

    དོན་ཚན་ཆིག་སྟོང་དང་དོན་གསུམ་པ། རིགས་རྒྱུད་འབྲེལ་བར་བསམ་འཆར་མི་འདྲ་བ་ཡོད་པ་མ་ཟད་རྒྱུ་མཚན་ལུགས་མཐུན་ཡང་ཡོད་ན་ཕའམ་མས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་སྟེ་རིགས་རྒྱུད་འབྲེལ་བ་ངེས་གཟུང་བྱེད་པའམ་དགག་སྒྲུབ་བྱེད་པའི་རེ་འདུན་ཞུ་ཆོག

    རིགས་རྒྱུད་འབྲེལ་བར་བསམ་འཆར་མི་འདྲ་བ་ཡོད་པ་མ་ཟད་རྒྱུ་མཚན་ལུགས་མཐུན་ཡང་ཡོད་ན། ནར་སོན་པའི་བུ་ཕྲུག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་སྟེ་རིགས་རྒྱུད་འབྲེལ་བ་ངེས་གཟུང་བྱེད་པའི་རེ་འདུན་ཞུ་ཆོག

    ཁྲིམས་ལུགས་འཆད་སྟེགས།

    ཁྱོ་ཤུག་ཕྱོགས་གཅིག་ལ་རིགས་རྒྱུད་འབྲེལ་བར་བསམ་འཆར་མི་འདྲ་བ་ཡོད་པ་མ་ཟད་རྒྱུ་མཚན་ལུགས་མཐུན་ཡང་ཡོད་ན་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་སྟེ་རིགས་རྒྱུད་འབྲེལ་བ་ངེས་གཟུང་བྱེད་པའམ་དགག་སྒྲུབ་བྱས་ཏེ་རིགས་རྒྱུད་ཀྱི་ཁྲག་རིགས་འབྲེལ་བ་ཁ་གསལ་བཟོ་བ་དང་དོ་བདག་གི་ལུགས་མཐུན་ཁེ་དབང་འགན་ལེན་གྱིས་འོས་འགན་སྒྲུབ་དགོས་ངེས་ཀྱི་མིས་འགན་འཁྲི་ལས་མི་གཡོལ་བ་དང་བཅའ་ཁྲིམས་ཀྱི་གཞུང་དྲང་མངོན་འགྱུར་ཡོང་བ་བྱེད་དགོས། དེའི་ཐད་དོ་སྣང་བྱེད་དགོས་པ་གཉིས་ཡོད་དེ། གཅིག་ནི་རིགས་རྒྱུད་འབྲེལ་བ་ངེས་གཟུང་བྱེད་པའམ་དགག་སྒྲུབ་བྱེད་པའི་ཞུ་གཏུག་གི་གཙོ་གནད་དེ་ཁྱོ་ཤུག་ཕྱོགས་གཅིག་ཡིན་པ་དང་ནར་སོན་པའི་བུ་ཕྲུག་གིས་རིགས་རྒྱུད་འབྲེལ་བ་གཏན་འཁེལ་བྱ་རྒྱུའི་ཞུ་གཏུག་རྒྱག་རྒྱུ་ཁོ་ན་ལས་མེད། གཉིས་ནི་དོ་བདག་གིས་རིགས་རྒྱུད་འབྲེལ་བ་ངེས་གཟུང་བྱེད་པའམ་དགག་སྒྲུབ་བྱེད་པའི་ཞུ་གཏུག་རྒྱག་སྐབས་རྒྱུ་མཚན་ལུགས་མཐུན་ཡོད་དགོས་པ་དང་བལྟོས་བཅས་ཀྱི་དཔང་རྟགས་འདོན་འགན་ཁུར་དགོས།

    60 ཁྱོ་ཤུག་ཕྱོགས་གཉིས་ཀྱིས་གཉེན་འཐོར་ཐོ་འགོད་བྱེད་པའི་རེ་འདུན་ཇི་ལྟར་ཞུ་དགོས་སམ།

    དོན་ཚན་ཆིག་སྟོང་དང་དོན་དྲུག་པ། ཁྱོ་ཤུག་ཕྱོགས་གཉིས་རང་མོས་ཀྱིས་གཉེན་འཐོར་བྱས་པ་ཡིན་ན་ཡིག་ཐོག་ནས་གཉེན་འཐོར་གྲོས་ཆིངས་འཇོག་དགོས་པར་མ་ཟད་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ངོ་བསྐྱོད་ཀྱིས་གཉེན་འཐོར་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས།

    གཉེན་འཐོར་གྲོས་ཆིངས་ཀྱི་ནང་དུ་ཕྱོགས་གཉིས་ཀས་རང་མོས་ཀྱིས་གཉེན་འཐོར་བྱས་པའི་འདོད་བློ་སྟོན་ཚུལ་དང་། བུ་ཕྲུག་གསོ་སྐྱོང་དང་རྒྱུ་ནོར་དང་དེ་བཞིན་བུན་འགན་ཐག་གཅོད་སོགས་ཀྱི་དོན་ཚན་ཐད་གྲོས་ཁ་གཅིག་མཐུན་ཡིན་པའི་བསམ་འཆར་བཅས་གསལ་པོར་འགོད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་འཐོར་གྱི་གྲོས་ཆིངས་ཞེས་པ་ནི་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དོ་བདག་དབར་གཉེན་འཐོར་བྱ་རྒྱུའི་མོས་མཐུན་བྱུང་བ་མ་ཟད། གཉེན་སྒྲིག་ཐོ་འགོད་གོ་རིམ་བརྒྱུད་གཉེན་སྒྲིག་འབྲེལ་བ་གཅོད་རྒྱུའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་རེད། དེར་ཁྱད་ཆོས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་དོ་བདག་ཕྱོགས་གཉིས་པོས་ཡིག་ཐོག་གི་གཉེན་འཐོར་གྲོས་ཆིངས་འཇོག་དགོས་པ་མ་ཟད། གཉེན་འཐོར་དང་། བུ་ཕྲུག རྒྱུ་ནོར་བཅས་ཀྱི་གནད་དོན་ཐད་གྲོས་ཁ་གཅིག་མཐུན་ཡིན་པ་དང་དེ་གཉེན་འཐོར་གྲོས་ཆིངས་ནང་ནས་གསལ་པོ་མངོན་དགོས་པ་དང་། གཉིས་ནི་གཉེན་སྒྲིག་ཐོ་འགོད་བརྒྱུད་རིམ་གཞིར་བཟུང་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ངོ་བསྐྱོད་ཀྱིས་གཉེན་འཐོར་ཐོ་འགོད་བྱེད་པ་དང་གཉེན་འཐོར་ལག་ཁྱེར་བླངས་རྗེས་གཉེན་སྒྲིག་འབྲེལ་བ་མེད་པ་བཟོ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།