དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་ལྗོངས་ཀྱིས“དུག་འགོག་དུག་བཅད+”བཅའ་ཁྲིམས་ཁྱབ་གདལ་མཐའ་མཚམས་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    འདི་ནི་མི་དམངས་ཉེན་རྟོག་པས་གྲོང་མིར་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    “གཞི་གཅིག་ཤོག་ཟུང”གི་འཐབ་ཇུས་བཀོད་པ་དང“དུག་འགོག་དུག་བཅད+”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་དང་དུག་རྫས་འགོག་པའི་སློབ་གསོར་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དང་ལྗོངས་དུག་འགོག་གཞུང་ལས་ཁང་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་མི་སྤྱི་ཐིང་ངལ་རྩལ་ལས་ཞུགས་ཞབས་ཞུ་ལྟེ་གནས། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་དེ་བཞིན་མཐའ་མཚམས་ཀྱི་རྫོང་དང་། ཤང་གི་ཚན་པ་ཁག་བཅས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ“དུག་འགོག་དུག་བཅད+”བཅའ་ཁྲིམས་ཁྱབ་གདལ་མཐའ་མཚམས་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི“དུག་འགོག་དུག་བཅད+”བཅའ་ཁྲིམས་ཁྱབ་གདལ་མཐའ་མཚམས་བྱ་སྤྱོད་ཁྲོད་རིམ་བརྩིས་བརྒྱབ་ན། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་16སྤེལ་བ་དང་། མི་ཐེངས་500ཙམ་གྱི་འདྲི་བར་ལན་བརྒྱབ་པས། མི་ཐེངས་2500ལ་ཕན་པ་ཐོབ་པ། དྲིལ་བསྒྲགས་དཔྱད་ཡིག་དང་དངོས་རྫས་3200སྤྲད་པས་མཐའ་མཚམས་ཞིང་འབྲོག་མང་ཚོགས་དང་དེ་བཞིན་ལས་བྱེད་ལས་བཟོའི་ཁྲིམས་སྐྱོང་འདུ་ཤེས་དང་། ཁྲིམས་སྐྱོང་ལྟ་བ། ཁྲིམས་སྐྱོང་བྱང་ཚད་བཅས་མཐོ་རུ་ཕྱིན་ཏེ་མཐའ་སྲུང་མཐའ་བརྟན་གྱི་མཉམ་ཤུགས་གཅིག་སྒྲིལ་བྱུང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།