དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་སྟེ། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། ས་ཁུལ་ཡོངས་ཀྱི་འགྲུལ་སྐྱེལ་ཁྲོམ་ར་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནན་པོ་དང་། ཞིབ་ཕྲ། ཏན་ཏིག་བཅས་གཏོང་ཆེད། ཉེ་ཆར། མངའ་རིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་གིས་འགྲིམ་འགྲུལ་ཁྲིམས་སྒྱུར་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་གཉེར་སྐྱོང(ནག་འཁོར)ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་བདེ་འཇགས་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན་པ་མ་ཟད། ཤེས་དཔལ་འགྲིམ་འགྲུལ་གྱི་ཕྱོགས་བསྡུས་ཁ་ཏ་སློབ་སྟོན་གྱི་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། གནས་གཏན་འཁེལ་གྱི་བཅའ་སྡོད་ཞིབ་བཤེར་དང་ལམ་ངོས་ཁྲིམས་སྒྱུར་སྐོར་ཞིབ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་དོགས་ཡོད་རླངས་འཁོར་བཀག་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལྡན་པའི་རླངས་འཁོར་ལ་ཐག་གཅོད་ནན་པོ་བྱས་ཏེ་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི(ནགའཁོར)བྱེད་སྤྱོད་ལ་གནད་སྨིན་རྡུང་རྡེག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།