མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
ཁྲིམས་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ཆུ་ཚད་མཐོ་རུ་བཏང་བ།
ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དྲ་ཕྱིའི་ཕྱོགས་བསྡུས་ལས་སྒོའི་གསོ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ས་ཁུལ་ཡོངས་ཀྱི་ཁྲིམས་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ལ“དྲ་གཅིག”མ་ལག་གི་དངོས་སྦྱོང་དང་།“ཁྲིམས་ལན་དྲ་བ”དང་དེ་བཞིན་གྱོད་དཔེའི་མཛོད་བཀོལ་སྤྱོད་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ཚུད་ཡོད་པ་དང་རིགས་པའི་གཞུང་ལུགས་གི་འགྲེལ་བཤད་དང་བཀོལ་སྤྱོད་བྱ་ཐབས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་སློབ་ཁྲིད་བྱས་ཡོད། གསོ་སྦྱོང་བྱེད་རིང་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་དང་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་མངོན་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་ནི་མངའ་རིས་ས་ཁུལ་གྱི་ཁྲིམས་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་མངའ་རིས་ཀྱི་རིམ་གཉིས་ཁྲིམས་ཁང་གི“དྲ་གཅིག”མ་ལག་ཁྲོད་ཀྱི་བཀོལ་སྤྱོད་ནུས་པ་སྔར་བས་ཆེ་རུ་བཏང་ནས་མངའ་རིས་ཁྲིམས་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།