ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་རྒྱུན་མཐུད་བཅོས་སྒྲིག་བྱས་པ།
ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་དུ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་རྒྱུན་མཐུད་བཅོས་སྒྲིག་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་མི་དམངས་ཉེན་རྟོག་པས་གློག་སྒུལ་སྦག་སྦག་གཏོང་མཁན་དང་སྡོད་མཁན་གྱིས་བདེ་འཇགས་རྨོག་ཞྭ་གྱོན་མེད་པ་དང་། མྱུར་ཚད་ལས་བརྒལ་ནས་གཏོང་བ། གཏན་འབེབས་འཁོར་ལམ་ཐོག་མི་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་རེད། དེ་དང་ཆབས་ཅིག་གློག་སྒུལ་སྦག་སྦག་གི་དཔེ་མཚོན་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས། གློག་སྒུལ་སྦག་སྦག་གཏོང་མཁན་དང་སྡོད་མཁན་གྱི་ཁྲིམས་སྲུང་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་འགྲོ་ལམ་ཤར་གཏོང་གི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་རེད།