པར་རིས་གསར་འགྱུར།
2025ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་ལྔ་པ་ཡིན་ཞིང་། ཟླ་5ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས“མཛེས་སྡུག་ལྡན་པའི་འཚོ་བ། དམངས་དོན་ཁྲིམས་གཞུང་མཉམ་འགྲོགས”ཞེས་པའི་བརྗོད་དོན་གཙོ་བོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་མཉམ་དུ་གཉེར་ནས་གྲོང་མི་མང་ཚོགས་ལ་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཤིང་། འདི་ནི་འཁྲབ་སྟོན་པས་ཁྲིམས་ལུགས་ཁྱབ་གདལ་གྱི་བརྩམས་ཆོས་ཐུང་གྲས《ཕྲུ་གུའི་སེམས་པ》ཞེས་པ་འཁྲབ་བཞིན་པ།