དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྐར་ཁུང་གཅིག་ནས་མང་ཚོགས་ཀྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་པ།

    —— རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། མཐོ་ས་ནས་སྐུལ་འདེད་དང་། ཐོན་ཁུངས་བསྡུ་སྒྲིལ། ཚན་རྩལ་གྱིས་ནུས་པ་འདོན་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད། “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ལས་སྟེགས་བསྐྲུན་ཏེ། མང་ཚོགས་རྣམས“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་ཐེངས་གཅིག་ལས་འགྲོ་མི་དགོས་པ”བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད། མིག་སྔར་རང་ལྗོངས་སུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྱབ་ཚད་98.74%ཟིན་ཡོད།

    མཐོ་ས་ནས་སྐུལ་འདེད་བཏང་སྟེ་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་གི་གཡུལ་ས་བརྟན་དུ་བཏང་བ།

    ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གཡུལ་ས་མཉམ་སྐྲུན་དང་། མི་སྣ་བཅའ་སྡོད། མཐུན་སྦྱོར་ལས་སྒྲུབ། མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྫོང་རིམ་པ42དང་ཤང་རིམ་པ་74ཡི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་།“གཅིག་འཐུས་རྣམ་པའི”འགལ་ཟླ་འདུམ་འགྲིག་ལྟེ་གནས། ཁྲིམས་འཛིན་ཁང་བཅས་ལ་བརྟེན་ནས་ཚད་ལྡན་ཅན་འཛུགས་སྐྲུན་ལག་བསྟར་བྱས་ཡོད། རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་མངགས་གཏོང་བྱས་པའི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་དང་། “སྒྲོལ་མ་འདུམ་འགྲིག་ཁང” “དཔྱིད་རླུང་འདུམ་འགྲིག་ཁང”སོགས་སྤུས་རྟགས་འདུམ་འགྲིག་རྩ་འཛུགས་ཁྱོན་64ཡོད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་པ་དང་། ཆེད་བསྒྲུབ་མི་དམངས་འདུམ་འགྲིག་པ། འདུམ་འགྲིག་རྩེ་གྲ ཁྲིམས་རྩོད་པ་བཅས་ཁྱོན་526མངགས་གཏོང་བྱས་པ་དེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་469ལ་ཁྱབ་ཅིང་ཁྱབ་ཚད་59%ཟིན་ཡོད།

    ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྣ་མང་འདུམ་འགྲིག་ཁུལ་དུ་གཏུག་བཤེར་ཞབས་ཞུའི་ནུས་པའི་ཁུལ་ལམ་གྱོད་དོན་ཐོ་འགོད་སྐར་ཁུང་བཙུགས་ནས། གྱོད་དཔེས་ཁྲིམས་འགྲེལ་དང་། སྔོན་ལ་འདུམ་འགྲིག གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད། གྱོད་གཞི་བདག་སྤྲོད། གྱོད་གཞི་སྟབས་བདེ་མྱུར་གཅོད་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། “གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། འདུམ་འགྲིག་སྡེབ་གཅིག འཁོར་འབྲེལ་ཧྲིལ་པོར་ཐག་གཅོད”བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར་གཞི་རིམ་ཁྲིམས་ཁང་39ཡིས་ལས་སྒོའི་རྐང་འཛིན་པ74བདམས་ནས་གཏུག་བཤེར་ཚོགས་པ་བཙུགས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཡོད།

    ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མང་ཚོགས་ཐེངས་གཅིག་ལས་འགྲོ་མི་དགོས་པ་བྱས་པ།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་ལ་སྐུལ་འདེད་གཏོང་གང་ཐུབ་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཁེ་ཕན་རེ་འདུན་ཐག་གཅོད་བྱེད་ཐུབ་པ་མང་ཚོགས་ཚོས་གང་ལེགས་ཚོར་ཐུབ་པ་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་ཐེངས་གཅིག་ལས་འགྲོ་མི་དགོས་པའི”ཞབས་ཞུ་འགན་སྲུང་ཐུབ་པར་སྐུལ་འདེད་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང“གཅིག་འཐུས་རྣམ་པའི”འགལ་ཟླ་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། གཏུག་བཤེར་ཞབས་ཞུ་ལྟེ་གནས། ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་བཅས“ལྟེ་གནས་དྲུག་གཅིག་སྒྲིལ”བྱེད་པ་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། ཡིག་འབུལ་ཞུ་བཅར། མི་སྤྱི་བཅས་སྡེ་ཚན་8སྤྱི་འདོམས་བྱས་ནས། ལས་དོན་པ་11རྒྱུན་སྡོད་ལས་སྒྲུབ་བྱེད་པར་མངགས་པས། གཞི་རྩའི་ཆ་ནས“གཅིག་འཐུས་རྣམ་པའི”ཐག་གཅོད་དང་དངོས་ཚན་ཅན་གྱི་འཁོར་རྒྱུག་བྱུང་ཡོད།

    ཚན་རྩལ་གྱིས་ནུས་པ་འདོན་སྤྲོད་བྱས་ཏེ་ཆ་འཕྲིན་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་བ།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་གིས་རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་ལས་སྟེགས་ལ་བརྟེན་ནས་འགན་ནུས་སྡེ་ཚན་ཁག་དབར་ཆ་འཕྲིན་ཅན་གྱི་གྲངས་གཞིས་ཕན་ཚུན་འབྲེལ་མཐུད་དང་བཀོལ་སྤྱོད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ལས་སྟེགས་ཀྱི་དངོས་འཐབ་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཚད་ལྡན་དང་། སྟབས་བདེ། མཉམ་འགུལ། ནུས་ཆེ”བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཧུར་ཐག་བྱས་ནས་འགལ་ཟླ་དང་རྩོད་གཞི་རིག་ནུས་ཅན་གྱི་འདུམ་འགྲིག་ཐུབ་པར་སྐུལ་འདེད་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཉེན་དོན་མིན་པའི་ཉེན་རྟོག་གནས་ཚུལ་ཁག་བགོས་མཉམ་འགུལ་ཆ་འཕྲིན་ཅན་ལེགས་གྲུབ་བྱས་ནས་ཉེན་རྟོག་ཉེན་བརྡའི་ཞབས་ཞུའི་ལས་སྟེགས་110དང་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345དབར་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།