དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཁག་དང་པོའི་རྒྱལ་ཡོངས་ཀྱི་ཅུང་ཞན་ཙམ་གྱི་གཞི་རིམ་ཁྲིམས་ཁང་5ཡི་ནང་ནས་ཁྲིམས་ཁང་4ཞན་པའི་གྲས་ནས་བདེ་བླག་ངང་གྲོལ་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    གསར་འགོད་པས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཅུང་ཞན་ཙམ་གྱི་གཞི་རིམ་ཁྲིམས་ཁང་106གཏན་འཁེལ་བྱས་ཤིང་། དེའི་ནང་རང་ལྗོངས་ཀྱི་ཁྲིམས་ཁང་5ཚུད་ཡོད། འདི་ལོའི་ལོ་འགོར་ཅུང་ཞན་ཙམ་གྱི་གཞི་རིམ་ཁྲིམས་ཁང་4ལོ་གཅིག་ནང་ཞན་པའི་གྲས་ནས་གྲོལ་ཐུབ་ཡོད།

    ན་ནིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསལ་བཏོན་བྱས་པའི་ཉམས་ཞན་དུ་འགྱུར་བའི་རྒྱུ་རྐྱེན་གཞིར་བཟུང་། ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་དང་། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་། སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་། མཚོ་གཉིས་རྫོང་མི་དམངས་ཁྲིམས་ཁང་། མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་བཅས་གཞི་རིམ་གྱི་ཁྲིམས་ཁང་ལྔ་རྒྱལ་ཡོངས་ཀྱི་ཅུང་ཞན་ཙམ་གྱི་གཞི་རིམ་ཁྲིམས་ཁང་དུ་གཏན་འཁེལ་བྱས་པ་རེད།

    མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རིམ་རྩིས་བརྒྱབ་ན། མ་དངུལ་བསྡོམས་སྒོར་ཁྲི་335བཏང་ནས་ཚན་རྩལ་ཁྲིམས་རའི་རིག་ལྡན་ནུས་པ་རིམ་སྤོར་བྱས་པ་དང་། མ་དངུལ་སྒོར་ཁྲི་360ལྷག་ཙམ་བཏང་ནས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་བསྐྲུན་པ། མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་གྱི་ནུས་པ་ལེགས་སུ་བཏང་བ་བཅས་བྱས་ནས། མང་ཚོགས་ལ་སྟབས་བདེ་ཞིང་མྱུར་བའི“ཐེངས་གཅིག་ལ་ལེགས་པར་སྒྲུབ་པའི”ཁྲིམས་འཛིན་ཞབས་འདེགས་ཞུས་ཡོད། 2024ལོར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱེད་ཚད་དུས་མཚུངས་ལས་19.86%འཕར་བ་དང་། ལག་བསྟར་ལེགས་གྲུབ་བྱུང་ཚད་དུས་མཚུངས་ལས་18.14%འཕར་བ། འདྲི་གཅོད་ཀྱི་ཚད་བཀག་ནང་གྱོད་དོན་མཇུག་སྒྲིལ་ཚད་100%ཟིན་ནས་དམིགས་ཚད་སྣ་ཚོགས་ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་ཁྲིམས་ཁང་གི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། 2024ལོར་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཆ་སྙོམས་གྱོད་དོན་མཇུག་སྒྲིལ་དུས་ཡུན་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་། ཁྲིམས་འཛིན་གྲོས་འགོའི་ལྡོག་འདྲེན་བྱེད་ཚད་100%ཟིན་པ། ཁྲིམས་དཔོན་གྱི་མི་རེའི་ཆ་སྙོམས་གྱོད་དོན་མཇུག་སྒྲིལ་ཚད་དུས་མཚུངས་ལས་11%འཕར་བ། གོང་གཏུག་གྱོད་གཞིའི་སྤོ་སྐྱེལ་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ། ཁྲིམས་དཔོན་གྱི་མི་རེའི་ཆ་སྙོམས་གྱོད་དོན་མཇུག་སྒྲིལ་བའི་ཁ་གྲངས་ལྷོ་ཁ་གྲོང་ཁྱེར་གྱི་ཨང་གཉིས་པར་སླེབས་པ། ལག་བསྟར་ཐུབ་ཚད་དང་། འདུམ་འགྲིག་བྱེད་ཚད། ཡོན་ཀྲང་དང་ཁྲིམས་རའི་ཐིང་ཀྲང་གི་གྱོད་དོན་མཇུག་སྒྲིལ་བའི་ཁ་གྲངས་ལྷོ་ཁ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས“རྒྱ་སྲང་དམར་པོ། ཁྲིམས་དར་གྱི་མེ་ཏོག”གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏིང་ཟབ་བཏོད་ནས་གདོང་ལེན་གླེང་སྟེགས་དང་། ཕུལ་བྱུང་གླེང་སྟེགས། ཁྲིམས་དཔོན་གླེང་སྟེགས་བཅས་བཙུགས་ནས་གྱོད་གཞི་སྣ་ཚོགས་སྒྲུབ་གཉེར་བྱེད་པར་སྤེལ་རེས་དང་བགྲོ་གླེང་གི་ལས་སྟེགས་མཁོ་འདོན་བྱས་ཡོད། 2024ལོའི་ཟླ་7པར། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་ས་གནས་དེ་གའི་ཏང་ཨུད་ཀྱིས“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ལ་བདམས་པ་དང་། སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ”དང“དུས་བདེ་འཛུགས་སྐྲུན་གྱི་ཕུལ་བྱུང་ཚན་པ”སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། 2024ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”ལའང་དཔྱད་འདེམས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།