དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

    མེ་ཟོན་བདེ་འཇགས་ཀྱི་གཞི་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    ཉིན་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གནད་སྨིན་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་འདོན་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་གཞི་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བའི་འགན་ལེན་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མེ་ཟོན་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། ཆེད་དོན་ཚོགས་འདུ་འཚོགས་ནས་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། མཉམ་འབྲེལ་ཞིབ་བཤེར་དང་། དུས་གཡོལ་ཞིབ་བཤེར། ཕྱིར་མིག་ལྟ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པ། ལས་རྣམ་མང་བའི་མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་དང་གློག་སྒུལ་རྐང་འཁོར་ཕྱིར་ཚོང་ས་ཚིགས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ས་ཆར་གྲལ་བཤེར་བཅོས་སྒྲིག་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད། དེ་དང་ཆབས་ཅིག་སྒྲིག་འགལ་མེ་འབྲེལ་ལས་སྒྲུབ་དང་། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཀག་བཟུང་། བདེ་འཇགས་ཐོན་སྒོ་བཀག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཚན་པས་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་བཏང་སྟེ་མེ་སྐྱོན་ལས་འཛོལ་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་འགོག་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་ཀྱི“དྲུག་སྤེལ”ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ་མེ་ཟོན་དྲིལ་བསྒྲགས་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་དེ་བཞིན་ལས་གནས་གལ་ཆེན་གྱི་མི་སྣ་སྐུལ་སློང་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་ཆེན་པོའི་ལས་དོན་དུས་རྒྱུན་ནས་སྤེལ་ཡོད། རྒྱུན་གཏན་གྱི་མེ་ཟོན་སྐོར་བཤེར་གྱི་ནང་དོན་ལ་འགྲེལ་བཤད་རྒྱག་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་མཛུབ་ཁྲིད་བྱེད་པ། ཁ་འགྲེམ་སྲོག་ཉེན་ལས་ཐར་ཐབས་ཀྱི་ནང་སྦྱོང་བྱེད་པ། ས་གནས་ས་ཐོག་ཏུ་མེ་གསོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་རྣམས་ཀྱི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།