དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དངོས་འཐབ་ནང་སྦྱོང་བྱས་ནས་མེ་གསོད་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་མི་སྣ་ཡོངས་དང་། སྒྲིག་ཆས་ཚང་མ། ཐོན་རྐྱེན་ཚང་མ། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་དངོས་འཐབ་ནང་སྦྱོང་བྱས་ཤིང་། འཕྲལ་སྡོམ་དང་ལེན་དང་། སྟོབས་ཤུགས་འདྲེན་གཏོང་། མདུན་སྐྱོད་གྲ་སྒྲིག མེ་གསོད་བྱ་སྤྱོད་སྤེལ་བ། སྒར་སར་ཕྱིར་ལོག་བྱེད་པ་བཅས་བརྒྱུད་དཔུང་ཁག་གི་མགྱོགས་མྱུར་བྱ་སྤྱོད་སྤེལ་བའི་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་དཔུང་ཁག་གི་དངོས་འཐབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ད་ཐེངས་ཀྱི་ནང་སྦྱོང་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་བསམ་མདོ་གྲོང་ཚོའི་ཉེ་འགྲམ་གྱི་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཁུལ་བྱས་པ་ཞིག་རེད། མེ་སྐྱོན་བྱུང་བའི་གནས་ཚུལ་བརྡ་ཁྱབ་བཏང་རྗེས་ཉིང་ལག་རུ་ཁག་གིས་དེ་མ་ཉིད་དུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་བཙུགས་ཤིང་། དམག་འཐབ་ཚོགས་འདུ་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། མེ་སྐྱོན་བྱུང་ཡུལ་གྱི་གནས་ཚུལ་ལ་དབྱེ་ཞིབ་དང་། དམག་འཐབ་འཆར་གཞི་བཀོད་ནས་འཕྲལ་སྒྲུབ་བཀའ་རྒྱའང་བཏང་བ་རེད།

    བརྒྱུད་རིམ་ཧྲིལ་པོར་ཚོགས་ཆུང་ཁག་གིས་ཛ་དྲག་ཆེ་ཡང་གོ་རིམ་ལྡན་པའི་ངང་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཤིང་། ཆུ་ཚོད་གཉིས་ཙམ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ས་ཆ་གཉིས་ལ་ཤོར་བའི་མེ་བསད་པ་དང་། དུ་བ་འཕྱུར་ས་མང་པོ་ཞིག་གཙང་སེལ་བྱས་པ་མ་ཟད། ད་དུང་རྒྱབ་ཕྱོགས་མཁོ་སྒྲུབ་པ་ཚོས་ཐབ་འཛུགས་པ་དང་གུར་ཕུབ་པ་སོགས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ཡང་ལེགས་པར་བསྒྲུབས་ཡོད།

    མེ་ཤོར་ཡུལ་དུ་ལྟ་སྲུང་བྱེད་པའི་དུས་མཚམས་སུ་ཉིང་ལག་རུ་ཁག་གིས་ད་ཡོད་ཀྱི་ས་ཆར་བརྟེན་ནས་ཕྱི་རོལ་གྱི་ཆུ་འཐེན་འཕྲུལ་འཁོར་སྤྱད་དེ་མེ་གསོད་པའི་དམག་འཐབ་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཕྱི་རོལ་གྱི་ཆ་རྒྱུས་མེད་པའི་ཁོར་ཡུག་ཏུ་ཆུ་འཐེན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པའི་ནུས་པ་བཞུན་བརྡར་བཏང་ཞིང་། དངོས་སྦྱོང་དང་དངོས་འཐབ་ཁྲོད་ཚད་བརྒལ་ཡོང་བ་དང་སྦྱོང་བརྡར་ཐེབས་པར་བྱས་ནས་དཔུང་ཁག་གི་མེ་གསོད་དམག་འཐབ་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།