སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་བ།
སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་རིག་གནས་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་ལ་བསྐྱོད་ནས“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ཡོད།
ད་ཐེངས་ཀྱི་བྱ་སྤྱོད་སྤེལ་རིང་། ཚོང་ཁང་དང་པར་འདེབས་ཁང་སོགས་གཉེར་སྐྱོང་བྱ་ཡུལ་ལ་གཙོ་གནད་ཐོག་དམིགས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད། ཁྲིམས་སྒྱུར་པས་ཚོང་ཁང་ནང་བསྒྲིགས་པའི་ཚོང་ཟོག་དང་པར་སྐྲུན་ཡིག་རིགས་ཀྱི་ནང་དོན་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་མ་ཟད། ཁྲིམས་འགལ་གྱི་པར་སྐྲུན་ཡིག་རིགས་དང་པར་བརྐུས་དཔེ་དེབ་ཕྱིར་ཚོང་བྱེད་པ་དང་། སྒྲིག་འགལ་ངང་པར་འདེབས་བྱེད་པ། པར་སྐྲུན་ཡིག་རིགས་འདྲ་བཟོ་བྱེད་པ་བཅས་ཀྱི་གནས་ཚུལ་ཡོད་མེད་དང་། དེ་བཞིན“འཆལ་རྡུང་ལོག་སེལ”གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཞན་དག་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་ཡང་བྱས་པ་རེད། བྱ་སྤྱོད་སྤེལ་རིང་ཁྲིམས་སྒྱུར་པས“དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་རྡུང་རྡེག་ཟུང་འབྲེལ”བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཉེར་སྐྱོང་པར“འཆལ་རྡུང་ལོག་སེལ”གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་ཁོང་ཚོའི་ཁྲིམས་སྲུང་གཉེར་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱ་སྤྱོད་སྤེལ་བ་བརྒྱུད་ཁོངས་གཏོགས་ཁུལ་གྱི་རིག་གནས་ཁྲོམ་རའི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་རིག་གནས་བདེ་འཇགས་ལའང་སྲུང་སྐྱོང་ཐུབ་ཡོད།