དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སོག་རྫོང་གི་སྤྱི་བདེས་བདེ་འཇགས་ཀྱི་ངེས་སྦྱོང་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    ཉེ་ཆར། སློབ་མའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་མཉམ་དུ་སོག་རྫོང་སློབ་འབྲིང་དང་པོར་བསྐྱོད་དེ་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་འགྲིམ་འགྲུལ་བདེ་འཇགས་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་ཟོན་དང་དེ་བཞིན་དུག་འགོག་སོགས་ཁྱབ་ཁོངས་གལ་ཆེན་མང་པོ་ཚུད་པ་དང་མཉམ་འགུལ་ཉམས་ལེན་དང་འདྲ་བཟོས་དཔེ་སྟོན་གྱི་རྣམ་པ་གཙོ་བོར་བྱས་པས་སློབ་གྲྭ་དེ་ཡོངས་ཀྱི་དགེ་སློབ་ཧུར་ཐག་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཇུས་འགོད་ཞིབ་ཚགས་བྱས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདྲ་བཟོས་ཡུལ་རྣམ་སྤྱད་དེ་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སློབ་ཁྲིད་བྱས་པ་རེད། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ད་དུང་སློབ་མ་རྣམས་ལ་རྒྱུན་དུ་འཕྲད་སླ་བའི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་དཔེར་གཞིགས་ནས། མགོ་བསྐོར་གཏོང་མཁན་གྱི་སྐད་ཆ་ཤོད་སྟངས་དང་གྱོད་གཞིའི་བརྒྱུད་རིམ་གསོན་ཉམས་དོད་པོས་རྒྱས་བཤད་བྱས་པ་དང་སློབ་མ་ཚོར་དྲི་བ་བཏོན་ནས་ལན་རྒྱག་ཏུ་བཅུག་པས་སློབ་མ་ཚོ་དེའི་ནང་ཞུགས་པའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། དུག་འགོག་དྲིལ་བསྒྲགས་ཀྱི་ལྷུ་ཚིགས་སུ་མི་དམངས་ཉེན་རྟོག་པས་འདྲ་བཟོས་དུག་རྫས་ཀྱི་དཔེ་དབྱིབས་སྟོན་པ་དང་དྲིལ་བསྒྲགས་ལག་དེབ་སྤྲད་དེ་སློབ་མ་ཚོར་དུག་རྫས་ཀྱི་ཉེན་ཁ་ཐད་ཀར་ངོས་འཛིན་བྱེད་དུ་བཅུག་ཐོག་དུག་རྫས་ངོས་འཛིན་དང་། དུག་རྫས་བཀག་འགོག དུག་རྫས་ལས་གཡོལ་བ་བཅས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།