དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟངས་རི་རྫོང་གི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་གི་སྒོ་མོ་ཕྱེ་བའི་མཛད་སྒོ་ཟངས་རི་རྫོང་དུ་གཉེར་བ་དེ་ཐོག་ནས། ཟངས་རི་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    འགྲེམས་སྟོན་ཁང་དེས“ལོ་རྒྱུས་ཀྱི་དཔང་པོ”དང་། “འོད་སྟོང་འཕྲོ་བ” “བོད་སྐྱོར་གྱི་བརྩེ་བ” “ཕུལ་བྱུང་གི་གྲུབ་འབྲས”བཅས་ལེའུ་བཞི་བརྒྱུད། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་གསར་བརྗེའི་སློབ་གསོ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གྲུབ་འབྲས་དང་ཟུང་དུ་འབྲེལ་ནས། ཡིག་རིས་འགྲེམས་པང་དང་། དངོས་རྫས་བཤམས་སྟོན། སྨྱན་སྦྱོར་མང་པོ་མཉམ་འགུལ། རྣམ་པ་བསྐྱར་བཟོ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ངང་སྤྱད་དེ། མི་རིགས་ཁག་གིས་ས་གཞི་དེའི་ཐོག་རྒྱ་ཁྱབ་ངང་འགྲོ་འོང་བྱེད་པ་དང་། ཕྱོགས་ཡོངས་ནས་སྤེལ་རེས་བྱེད་པ། མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་ཀྱི་ལོ་རྒྱུས་དོན་དངོས་དང་དེ་བཞིན་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གཡུར་ཟའི་གྲུབ་འབྲས་དང་ཁ་གཏད་བོད་སྐྱོར་ལས་དོན་གྱི་མངོན་གསལ་དོད་པའི་ཕན་འབྲས་བཅས་ཕྱོགས་གང་ས་ཅི་ཐད་ནས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།