དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2024ལོར་རང་ལྗོངས་ཀྱིས་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

    ལོ་འཁོར་མོར་ཁྱོན་གྱོད་གཞི་ཁག་76གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    སྒྲིག་འཛུགས་དང་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།

    ཚད་གཞི་མཐོ་པོས་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་ཆེད། 2024ལོར་ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས(བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང)ཀྱིས་རྒྱལ་ཡོངས་ཀྱི་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་གི་གཙོ་གནད་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་རང་སོར་བཞག་པ་དང་ཆབས་ཅིག 《2024ལོའི་ལྗོངས་ཡོངས་ཀྱི་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལག་བསྟར་དོན་འཁྱོལ་ཚོགས་འདུའི་དགོངས་དོན་གྱི་ལས་བགོས་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་གི་ལས་འགན་ཁ་གསལ་བཟོས་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་མཛུབ་ཁྲིད་བྱས་པ་རེད།

    ས་གནས་སྲིད་གཞུང་གིས་འགན་འཁྲི་གང་ལེགས་སྒྲུབ་རྒྱུར་སྐུལ་འདེད་གཏོང་བའི་ཐད། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས(བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང)ཀྱིས་ཁོངས་གཏོཌ་ཁུལ་གྱི་ལྐོག་ཚོང་བྱེད་སྤྱོད་ལ་སྔོན་འགོག་ཚོད་འཛིན་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ལྟེ་བར་བྱས་ནས་ས་གནས་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་བའི་ནང་། ལྷ་ས་གྲོང་ཁྱེར་གྱིས་ཚན་པ་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་ལྐོག་ཚོང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས་དང་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ས་ཁོངས་སྒྲོལ་བའི་ལྐོག་ཚོང་བྱེད་སྒོར་མཐུན་སྦྱོར་བྱས་ནས་རྡུང་རྡེག་བཏང་བ་རེད།

    རྡུང་རྡེག་ཚ་ནན་བཏང་བ།

    དུས་ཡུན་རིང་པོའི་ནང་། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས(བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང)ཀྱིས“ཀྲུང་དབྱང་གིས་དོ་ཁུར་དང་། སྤྱི་ཚོཌ་ཀྱིས་དོ་ཁུར། མང་ཚོཌ་ཀྱིས་དོ་ཁུར”བཅས་ཀྱི་མངོན་གསལ་དོད་པའི་ལྐོག་ཚོང་གི་གནད་དོན་དང་བོད་ཀྱི་ཁོངས་གཏོགས་ཁུལ་གྱི་ལྐོག་ཚོང་བྱེད་སྤྱོད་གཙོ་བོར་དམིགས་ཏེ། ས་གནས་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ“རྒྱལ་མཚམས་ཀྱི་སྤུ་གྲི”དང“སྲུང་སྐྱེལ”སོགས་མཉམ་འབྲེལ་བྱ་སྤྱོད་ཁྱོན་30སྤེལ་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་རྒྱལ་མཚམས་ཀྱི་བདེ་འཇགས་བསྲུངས་པ་དང་། ཁོངས་གཏོཌ་ཁུལ་གྱི་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་རྣམ་པ་བརྟན་པོ་དང་ཚོད་འཛིན་ཐུབ་པའི་འགན་ལེན་བྱས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོར། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་ཁྱོན་གྱོད་གཞི་ཁག་76གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་65%འཕར་བ་དང་གྱོད་གཞི་འབྲེལ་དངུལ་སྒོར་ཁྲི་3270.34དང་ཁྲལ་འབྲེལ་སྒོར་ཁྲི་133.67ཟིན་ཡོད། གཞན་ཡང་། ཉེ་བའི་ལོའི་ཚུན་དུ་གསེར་ལྐོག་འདྲེན་གྱི་རྒྱལ་ཡོངས་ཀྱི་གྱོད་གཞི་ཆེ་ཤོས་ཤིག་རྩད་ཆོད་པ་དང་། ལྐོག་འདྲེན་བྱས་པའི་གསེར་རྒྱ་མ་སྤྱི་རྒྱ་23ལ་རིན་ཐང་སྒོར་ཁྲི་1322ཟིན་ཡོད། གྱོད་གཞི་དེ་རིམ་པ་དང་པོའི་སྒོ་བྱང་བཀལ་བའི་སྒྲུབ་སྐུལ་གྱོད་གཞིར་བདམས་ཤིང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐོབ་པ་རེད།

    སྨྱན་སྦྱོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

    ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས(བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང)ཀྱིས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་གི་སྒྲིག་གཞི་འཛུགས་སྐྱོང་དང་། ལས་དོན་མི་སྣ་བཀོད་སྒྲིག ཆེད་ལས་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ཅིང་། ཆིན་ཧོང་ཏའོ་རུ་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་གཉེར་བར་གྲོང་ཁྱེར(ས་ཁུལ)ཁག་གི་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་དང་ཁོངས་མིའི་ཚན་པའི་མི་38ཞུགས་ཡོད་པ་དང་། ཕྱོགས་ཁག་གི་མཐོང་རྒྱ་ཆེ་རུ་དང་རྩལ་ནུས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། “ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཇོ་རིའི་འཆད་སྟེགས”ལས་སྟེགས་བསྐྲུན་ཏེ། “ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཇོ་རིའི་འཆད་སྟེགས”དུས་ཐེངས་4གཉེར་བ་རེད།

    སྨྱན་སྦྱོར་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པའི་ཐད། ལྷ་ས་འགག་སྒོ་ལས་ཁུངས་ལྐོག་འདྲེན་འཛིན་བཟུང་ཅུས(བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང)ཀྱིས་ད་དུང་བརྙན་འཕྲིན་དང་རླུང་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་། སྐད་འཕྲིན། དཔོད་ཕྲན་སོཌ་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཡག་པོ་བྱས་པ་དང་། 2024ལོ་ཚུན་དུ་རིམ་རྩིས་བརྒྱབ་ན། སྨྱན་སྦྱོར་སྣ་ཚོགས་ཐོག་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་གསར་འགྱུར་ཐེངས་100ལྷག་ཙམ་སྤེལ་བ་དང་། “བོད་ཀྱི་ལྐོག་ཚོང་ངོ་རྒོལ”དཔོད་ཕྲན་ལ་དྲ་ཐོག་ནས་ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་112.8ལས་བརྒལ་ཡོད། “ས་མཐོའི་ལྐོག་འདྲེན་འཛིན་བཟུང་གི་སྤུ་གྲི”ཞེས་པའི་སྤྱི་རྟགས་ཟླ་3ཚེས་14ཉིན་དྲ་ཐོག་ཏུ་བཏོན་ཚུན། ལྟ་ཀློག་བྱེད་ཚད་བསྡོམས་འབོར་ཐེངས་ཁྲི་20.3ཟིན་པ་དང་དོ་ཁུར་བྱེད་མཁན་མི་ཁྲི་ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།