ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྲིད་ཁྲིམས་ཀྱི་དྲིལ་བསྒྲགས་ཆུ་ཚད་མཐོ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཉེ་དུས། 2025ལོའི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྲིད་ཁྲིམས་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་དོ་དམ་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀྲུང་ཧྲན་སློབ་ཆེན་དུ་སློབ་འགོ་ཚུགས་པ་རེད།
སློབ་འགོ་ཚུཌ་པའི་མཛད་སྒོའི་ཐོག དུས་བབ་གསར་པར་སྲིད་ཁྲིམས་ཀྱི་དྲིལ་བསྒྲཌ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་། དུས་བབ་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། འགན་འཁྲིའི་སེམས་པ་དང་དགོས་གཏུཌ་ཀྱི་སེམས་པ་ཆེ་རུ་གཏོང་བ། སྲིད་ཁྲིམས་དྲིལ་བསྒྲཌ་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།