མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གིས་ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་ལ་བཅའ་ཁྲིམས་ཀྱི་དཔེ་དེབ་སྤྲད་པ།
ཁྲིམས་ཁང་གི་ལས་སྒོ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་བྱེད་པ་དང་ཉེན་རྟོག་པའི་ཆེད་ལས་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་ཆེད། ཉེ་ཆར་མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གིས་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་བཅའ་ཁྲིམས་ཆེད་ལས་ཀྱི་དཔེ་དེབ་ཁག་གཅིག་ཕུལ་བ་རེད།
ད་ཐེངས་ཕུལ་བའི་དཔེ་དེབ་ནི་མིག་སྔའི་འདྲི་གཅོད་ལས་དོན་གྱི་དོན་དངོས་དང་ཧ་ཅང་འཚམ་པོ་ཡོད་ཅིང་། 《མི་དམངས་ཁྲིམས་ཁང་གི་གྱོད་གཞིའི་མཛོད་ལེཌ་འདེམས》དང《གྲངས་འཛིན་དཔལ་འབྱོར་གྱི་མདུན་གྲལ་གནད་དོན་དང་ཁྲིམས་འཛིན་ལས་དོན་དངོས་ཀྱི་ཞིབ་འཇུག》《དམངས་དོན་འདྲི་གཅོད་ཀྱི་མདུན་གྲལ་སྟེ། རྩོད་གཞི་དང་། ཁྲིམས་གཞི་རིག་པ་དང་ལས་དོན་དངོས》སོགས་ཆེད་ལས་བརྩམས་ཆོས་དང་ལས་དོན་དངོས་ཀྱི་ཕྱོགས་སྟོན་ཚུད་ཡོད།