ཁང་དམར་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་ལས་ཡུལ་ཁག་རིམ་བཞིན་ལས་འགོ་ཚུགས་པ་དང་ལས་གྲྭའི་སྐྱེལ་འདྲེན་རླངས་འཁོར་འགྲོ་འོང་ཡང་ཡང་བྱེད་ཀྱི་ཡོད། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་ནུས་ལྡན་བཏང་སྟེ་འབྲེལ་ཡོད་མི་སྣའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་བཞོན་འཕྲེང་ཤང་རྡོ་ར་དང་དེ་བཞིན་ལས་ཡུལ་དུ་བསྐྱོད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་ལས་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དེ་གའི་འགན་འཁུར་བ་དང་། ཨར་པོ་བ། ཁ་ལོ་བ་བཅས་ལ་ངལ་དུབ་ཀྱིས་མནར་བཞིན་རླངས་འཁོར་གཏོང་བ་དང་། མྱུར་ཚད་ལས་བརྒལ་བ་དང་མི་ཚད་ལས་བརྒལ་བ། རླངས་འཁོར་ཁྲིམས་འགལ་སྒྱུར་བཟོ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དེའི་དམིགས་ཡུལ་ནི་ས་གནས་དེ་གའི་དཔེ་མཚོན་ལས་འཛོལ་གྱི་གྱོད་དཔེ་དྲངས་ནས་བདེ་འཇགས་ཀྱི་ཉེན་བརྡ་གཏོང་ཆེད་རེད།