དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་ལས་སྟེགས་ཀྱི་དངོས་སྦྱོང་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་2025ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་ཀྱི་དངོས་སྦྱོང་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དེ“གང་བྱེད་པ་དེ་སྦྱོང་བ”དང་། “གང་ཞིག་མི་འདང་བ་དེ་གསབ་པ”རྩ་དོན་དུ་བྱས་ཏེ། རིམ་ཁག་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་ཆེད་བསྐོས་པས་སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་སུ་དངོས་སུ་སྦྱོང་བརྡར་བྱེད་རིང་ཐོན་པའི་དཀའ་གནད་དང་འཕྲད་པའི་གནད་དོན་སྔ་ས་ནས་བསྡུ་རུབ་ལེགས་སྒྲིག་བྱས་ཏེ། སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་ཀྱི་བྱེད་ནུས་ཆེན་པོ་བཅུ་ལས་ཀའི་དོ་དམ་དང་། ལྟ་འདོམས་སློབ་གསོ། རིག་ལྡན་ཐག་གཅོད། ཞིབ་དཔྱོད་དབྱེ་ཞིབ་སོགས་སློབ་ཚན་བཞི་རུ་ཁུ་བསྡུ་བྱས་པ་དང་། སློབ་ཚན་རེར་དུས་ཚོད་ཆུ་ཚོད་1.5ཙམ་བཀོད་སྒྲིག་བྱས་པ་མ་ཟད། ཉིན་རེའི་ཕྱི་དྲོར་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་ལས་དོན་གྱིས་གཞི་རིམ་སྡེ་ཁུལ་གྱི་ཡོ་བསྲང་ཆེད་བསྐོས་པའི་རྒྱུན་གཏན་ལས་དོན་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།