དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ལམ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་བཏང་ནས། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བར་འགན་ལེན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“སྔོན་ལ་ཁ་ཏ་སློབ་སྟོན་གྱི་དྲིལ་བསྒྲགས”མཐའ་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་བ་དང་ནན་པོར་བརྟེན་ནས་ཟང་ཟིང་བཅོས་སྒྲིག་བྱེད་པ། གྲོང་ཁུལ་གྱི“གནད་འགག་ཆེ་ས་དང་ཟང་ཟིང”གི་གནད་དོན་ཟམ་མི་ཆད་པར་ཐག་གཅོད་བཅས་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ཀྱི་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད།

    ལས་དོན་སྤེལ་རིང་། འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁུལ་གྱི་གནད་འགག་ཆེ་ས་དང་ཟང་ཟིང་ལ་ཕྱོཌ་ཡོངས་ནས“གནས་དང་། རྒྱུད། ཁྱོན”བཅས་ཀྱི་དྲ་མིག་ཅན་གྱི་ལས་དོན་སྒྲུབ་སྟངས་གཏིང་ཟབ་ཏུ་བཏང་བ་དང་། གཏན་འཇགས་ཀྱི་ལས་སྒྲུབ་ལས་གནས་དང་། སྲུང་སྐྱོང་ལས་གནས། སྐོར་ཞིབ་ལས་གནས། མཚན་མོའི་ལས་གནས། གཟའ་མཇུག་ལས་གནས། བཅོས་སྒྲིག་ལས་གནས། འཚང་ཁ་ཆེ་སྒང་གི་ལས་གནས་བཅས་བཙུགས་ནས། དུས་བཅད་དང་། ལས་གནས་གཏན་འཁེལ། མི་གཏན་འཁེལ། འགན་འཁྲིའི་དོ་དམ་གཏན་འཁེལ་བཅས་ལག་བསྟར་བྱས་ཏེ་ལམ་ངོས་སུ་ཉེན་རྟོག་པས་ལས་དོན་དོ་དམ་བྱེད་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།