དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི་མེད་གནམ་གྲུ་གཏོང་མཁན་གྱི་གསོ་སྦྱོང་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    འཕྲལ་སྡོམ་དོ་དམ་སྒྲིག་ཆས་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། ས་མཐོའི་མཐོ་གྲང་ཁོར་ཡུག་ཁྲོད་མི་མེད་གནམ་གྲུའི་དངོས་འཐབ་བཀོལ་སྤྱོད་དང་འདེགས་སྐྱོར་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་དུས་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི་མེད་གནམ་གྲུ་གཏོང་མཁན་གྱི་གསོ་སྦྱོང་ཐེངས་དང་པོའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། ཉིན་22རིང་བརྒྱུད་རིམ་ཅན་གྱི་གསོ་སྦྱོང་བརྒྱུད་སློབ་མ་18ལ་CAACམི་མེད་གནམ་གྲུ་འབྲིང་གྲས་ཀྱི་འཁོར་དཔོན་ལག་ཁྱེར་གྱི་དཔྱད་ཞིབ་ལོན་ནས་སྒྲིག་ཆས་ཕན་ནུས་གཞན་སྒྱུར་གྱི་ཤེས་ལྡན་པའི་རྨང་གཞི་བཏིང་ཡོད་པ་རེད།

    གསོ་སྦྱོང་བྱེད་རིང་། གསོ་སྦྱོང་རུ་ཁག་གིས་ད་དུང་བདེ་འཇགས་དོ་དམ་དང་སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་གཉིས་མཐོའི་དམིགས་ཚད་ལ་གཞིགས་ནས། ལམ་ལུགས་ཚད་ལྡན་དང་། གསོ་སྦྱོང་མ་ལག རྒྱུན་ལྡན་དོ་དམ་ཚོད་འཛིན་བཅས་ཕྱོགས་གསུམ་ཐད་ནས་ཤུགས་བརྒྱབ་པ་དང་། བདེ་འཇགས་དོ་དམ་ཚོགས་ཆུང་བཙུགས་པ་དང《མི་མེད་གནམ་གྲུ་གཏོང་མཁན་གྱི་གསོ་སྦྱོང་འཛིན་གྲྭའི་སྒྲིག་ལམ་ལག་དེབ》སོགས་ལམ་ལུགས་ཀྱི་ཡིག་ཆ་བཟོས་ནས། བདེ་འཇགས་དུས་བབ་དབྱེ་ཞིབ་ཚོགས་འདུ་དང་ཟུང་འབྲེལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།