དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“མེ་ཏོག་སྤྱན་གཟིགས་ལམ”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་དམག་དམངས་ལམ་དུ་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་པ།

    འགྲོ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་མཁར་འགྲིམ་འགྲུལ་དོན་རྐྱེན་སྣ་ཚོགས་མ་འབྱུང་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔོན་ལ་ཇུས་འགོད་བྱས་ནས་མཐའ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་ལས་དོན་བཀོད་སྒྲིག་ཧུར་ཐག་བྱས་པ་རེད།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་དམག་དམངས་ལམ་དུ་ཡོང་སྐབས། འགྲོ་ལམ་གྱི་གཞོགས་གཉིས་སུ་མེ་ཏོག་ཁྲ་ཐིང་ངེར་བཞད་པ་དང་། མེ་ཏོག་སྤྱན་གཟིགས་བྱེད་པར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ལ། མེ་ཏོག་སྤྱན་གཟིགས་བྱེད་སའི་འགྲོ་ལམ་ཐོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་འགྲིམ་འགྲུལ་བཤངས་ནས། འགྲོ་འོང་བྱེད་མཁན་རླངས་འཁོར་ལ་མྱུར་ཚད་དལ་དུ་གཏོང་དགོས་པ་དང་། འཁོར་སྐྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བ་ཚོ་བདེ་འཇགས་ངང་མེ་ཏོག་སྤྱན་གཟིགས་དང་བདེ་འཇགས་ངང་ཡུལ་སྐོར་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་བཞིན་ཡོད་པ་མཐོང་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར། དམག་དམངས་ལམ་རྒྱུད་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔོན་ལ་བཀོད་སྒྲིག་བྱས་ནས། ཉེན་རྟོག་པ་མངགས་ཏེ་གནས་གཏན་འཁེལ་གྱི་ལས་སྒྲུབ་དང་སྐོར་གཡེང་ལྟ་འདོམས་ལས་དོན་ཡག་པོ་བསྒྲུབས་པ་དང་འབྲེལ། འཁོར་རྒྱུན་མང་ཉུང་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མི་སྣའི་ལས་གནས་ལེགས་སྒྲིག་དང་འགྲིམ་འགྲུལ་བཀོད་འདོམས་ཁྲིད་སྟོན་དུས་ཐོག་ཏུ་བྱས་པ་དང་། ཁྲིམས་འགལ་ཡོ་བསྲང་བཅོས་སྒྲིག་སྟབས་བསྟུན་ངང་བྱས་པ། ལམ་འགྲུལ་གྱིས་གཞུང་ལམ་འཕྲེད་བརྒལ་དང་འཕྲུལ་སྒུལ་འཁོར་རིགས་མིན་པས་གཞུང་ལམ་ཐོག་ལྡོག་ནས་བསྐྱོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་བྱས་པ། འགྲོ་ལམ་གཡས་གཡོན་དུ་རླངས་འཁོར་གང་བྱུང་དུ་བཞག་རིགས་དེ་ནས་ཁ་འབྲལ་དགོས་པའི་སློབ་གསོ་ཧུར་ཐག་བརྒྱབ་པ། མི་དང་འཁོར་རིགས་ཤར་གཏོང་ཐུབ་པའི་འགན་ལེན་བཅས་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བ་ཚོར་བདེ་འཇགས་དང་འཆམ་མཐུན་གྱི་མེ་ཏོག་སྤྱན་གཟིགས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།