ལྷ་སའི་སྤྱི་བདེས་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།
ཉེ་ཆར། ལྷ་སའི་སྤྱི་བདེས་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་6000ལྷག་ཙམ་ཟིན་ནས་ཉེས་གསོག་དོགས་ཅན་1བཟུང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་13ཉིན་དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་བདེ་ཅུས་སུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཨར་པོ་རྒྱག་ས་ཞིག་ནས་སྨི་27ལྷག་ཙམ་གྱི་གློག་སྐུད་བརླགས་འདུག དེ་དངུལ་ལ་ཕབ་ན་སྒོར་6000ལྷག་ཙམ་ཟིན་གྱི་འདུག་ཅེས་བསྟན་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར།
སྙན་སེང་འབྱོར་མ་ཐག གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ། བརྟག་དཔྱད་དཔང་ལེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ཟླ་3ཚེས་14ཉིན་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་དེའི་ཐོབ་ཐང་གི་ཆ་འཕྲིན་གཏན་འཁེལ་བྱས་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཤག་ཅིག་ནས་ཁོ་པ་བདེ་བླག་ངང་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད་ཧུའུ་ཆེ་གེ་མོས་གྱོད་གཞི་ཐོན་པའི་མཚན་མོར་ཨར་པོ་རྒྱག་ས་ནས་གློག་སྐུད་བཅད་དེ་བརྐུས་པའི་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད།
མིག་སྔར། ཉེས་གསོག་དོགས་ཅན་ཧུའུ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེ་ཐག་གཅོད་བྱེད་སྒང་ཡིན་པ་རེད།