དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    མོས་འདེམས་ཀྱི་མངག་སྐྱེལ་བར་འཚམས་འདྲི་དང་གློག་སྒུལ་སྦག་སྦག་བདེ་འཇགས་འགྲོ་སྐྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དཀའ་ངལ་ཡོད་པའི་མོས་འདེམས་ཀྱི་མངག་སྐྱེལ་བར་འཚམས་འདྲི་དང་གློག་སྒུལ་སྦག་སྦག་བདེ་འཇགས་འགྲོ་སྐྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མངག་སྐྱེལ་བ་10ལ“དྲ་རྒྱའི་བཟའ་བཏུང་བདེ་འཇགས་ཀྱི་ལྟ་སྐུལ་བའི”གདན་ཞུའི་ཡི་གེ་སྤྲད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། མོས་འདེམས་ཀྱི་མངག་སྐྱེལ་ནི་ལས་སྟེགས་དཔལ་འབྱོར་ནང་ཞུགས་མཁན་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ཁག་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ“རྩ་དོན་ལྔ”མཐའ་འཁྱོངས་དང“འཐབ་ཇུས་ཆེན་པོ་བཞི”ལག་བསྟར་བྱེད་པ། ཁྲོམ་རའི་ལྟ་འདོམས་སྡེ་ཚན་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “ཆུང་སྒེར་ཆེད”ཀྱི་ཏང་འཛུགས་སྐྱོང་གི་ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་དེ་ཉིད་ཁེ་ལས་གཉེར་སྐྱོང་དོ་དམ་ནང་མཉམ་འདྲེས་དང་ལས་རྣམ་གསར་པའི་ཏང་འཛུགས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། མངག་སྐྱེལ་བའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།