ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་འོས་འགན་ཁྲག་འབུལ་བྱེད་སྒོ་སྤེལ་བ།
འདི་ནི་འོས་འགན་ཁྲག་སྦྱིན་པ་འབུལ་ས་ཡིན་པ།
ཉེ་ཆར་བོད་ལྗོངས་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་འོས་འགན་ཁྲག་འབུལ་བྱེད་སྒོ་སྤེལ་ཞིང་། དཔོན་དམག་ཚོས་གཏོང་ཕོད་ཆེན་པོས་རིན་མེད་དུ་ཁྲག་སྦྱིན་པར་འབུལ་བ་དང་ལྷད་མེད་བརྩེ་བ་འཆང་བཞིན་དམག་དམངས་ཉ་ཆུ་ལྟར་གྱི་སྦྲེལ་ཟམ་བཙུགས་ཡོད།
ཁྲག་སྦྱིན་པ་འབུལ་སར་ཏང་ཡོན་ལས་བྱེད་པས་ཀུན་གྱི་སྣེ་ཁྲིད་དེ་ཁྲག་སྦྱིན་པར་ཕུལ་བ་དང་དེ་བྱིངས་ཀྱི་དཔོན་དམག་ཚོས་རང་འགུལ་ངང་ཁྲག་སྦྱིན་པ་འབུལ་བའི་དཔུང་ཁག་ནང་ཞུགས་ཡོད། དཔོན་དམག་ཚོས་ཆ་འཕྲིན་རེའུ་མིག་རྒྱོང་བ་དང་། གཟུགས་པོའི་གནས་ཚུལ་ཤོད་པ། ཁྲག་རིགས་གཏན་འཁེལ་བཅས་བྱས་རྗེས་སྨན་དོན་པའི་ཁྲིད་སྟོན་འོག་གོམ་པ་རིམ་བགྲོད་ཀྱིས་འགྲོ་ལུགས་ཁག་གཉེར་ཡོད།
ཁྲག་འབུལ་ལག་འཁྱེར་རག་རྗེས་ཁྲག་ཐེངས་མང་སྦྱིན་པར་ཕུལ་མྱོང་བའི་དམག་མི་རྙིང་པ་ལིའུ་ཧྲེང་རུའེ་ཡིས“རང་ཉིད་ཀྱི་ནུས་པར་ཚད་བཀག་ཡོད་ཀྱང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཚད་བཀག་མེད་པས། མི་དམངས་ལ་དགོས་མཁོ་ཡོད་དུས་མི་དམངས་བུ་ཕྲུག་དམག་ཚོས་དུས་ནམ་ཡང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས”ཞེས་བརྗོད།
དཔོན་དམག་ཚོས་ཚ་ཚ་འུར་འུར་ངང་ཞུགས་པ་དེ་ལས“རྒྱུན་དུ་དམངས་ལ་ཞབས་འདེགས་ཞུ་ཛ་དྲག་ཆེ་དུས་གདོང་མཆོང་བྱེད་པའི”སྲོལ་རྒྱུན་བཟང་པོ་དང་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་མངོན་ཡོད།