དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་གིས།

    དཔུང་སྡེའི་དཔོན་དམག་ཏང་འཛུགས་སྐྱོང་ལས་དོན་གྱི་ “མཛུབ་ཁྲིད་པའི”འགན་འཁུར་རྒྱུར་གདན་དྲངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    དཔྱིད་ཀ་ཤར་དུས་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་ལེགས་པོ་རོང་དུ་གནས་པའི་ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་དེ་སྔོ་ཐིང་ངེར་གནས།

    ཀྱག་ཀྱོག་གི་སྣུམ་ནག་ལམ་བརྒྱུད་ནས་སླད་ཤང་དུ་སྐྱོད་དུས“ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ”དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”སོགས་ཀྱི་སྦྱར་ཡིག་དམར་པོ་དེ་ཚོ་ཧ་ཅང་མངོན་གསལ་དོད་པོ་ཡོད། སྤྲོ་ཁང་ལྟ་བུའི་སྡོད་ཁང་གསར་པ་རེ་རེ་གྲལ་སྟར་སྒྲིག་པོར་གནས་པ་དང་ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

    “ད་ལྟའི་བདེ་སྐྱིད་འཚོ་བ་ནི་དམག་དཔུང་དང་མཉམ་དུ་སྤེལ་བའི་མཉམ་སྐྲུན་བྱེད་སྒོ་དང་ཁ་འབྲལ་ཐབས་མེད”ཅེས་སླད་ཤང་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལི་ཅཱ་ཡིས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་དམག་དཔུང་དང་ས་གནས་མཉམ་འདྲེས་ཀྱིས“མཉམ་ལྔ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་སྦྱོང་མཉམ་སྐྲུན་ལ་སྐུལ་འདེད་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་ཀྱིས་ཞན་པ་དང་། བཅའ་སྡོད་ས་ཁུལ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས། ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ“མཉམ་ལྔ་བརྟན་ལྔའི”ལས་དོན་གཞི་རྟེན་དུ་བྱེད་པ་དང་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་སྔར་བས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་ནས་ལེན་ཤོག་གཅིག་དང་གྲོང་ཚོ་གཅིག་ཆ་སྒྲིག་དང་། ཧྲེ་ཀོན་གཅིག་གིས་ཚོགས་ཆུང་གཅིག་ཏུ་སྡོད་པ། པན་གཅིག་གིས་དུད་ཚང་གཅིག་ལ་སྣེ་ཁྲིད་པ། དམག་མི་གཅིག་གིས་ཡུལ་མི་གཅིག་ལ་རོགས་རམ་བཅས་ཀྱི“གཅིག་བཞི”ཟུང་འབྲེལ་རོགས་རམ་ལམ་སྲོལ་བཟོས་ཏེ། “ཏང་དང་། སྲིད་གཞུང་། དམག་མི། དམངས་བཅས་བསམ་ཇུས་གཅིག་དང་། རྩ་འཛུགས་འཚོ་བ་མཉམ་དུ་སྐྱེལ་བ། དམག་དཔུང་དང་ས་གནས་ཀྱི་ཏང་ཡོན་ཟུང་འབྲེལ་བྱེད་པ། དམག་དཔུང་དང་ས་གནས་ཀྱི་ཏང་འཛུགས་སྐྱོང་ཕན་ཚུན་མཉམ་འདྲེས་བྱེད་པ”བཅས་རྒྱུན་འཁྱོངས་ཀྱིས“ཕན་ཚུན་གདན་ཞུ་དང་སྣོལ་བསྲེས་འགན་འཁུར”ཁྱབ་གདལ་བཏང་ཡོད། ད་ཆ་བཅའ་སྡོད་དཔུང་སྡེའི་ཕུལ་བྱུང་དཔོན་དམག་འཐུས་མི་13གྱིས་རོགས་སྐྱོར་གྲོང་ཚོའི“ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི”འགན་གཅིག་ལྕོགས་འཁུར་བ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་རྒན་གཞོན་19ཡིས་མཐའ་མཚམས་ལས་དོན་བློ་འདྲི་བའི་འགན་གཅིག་ལྕོགས་འཁུར་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་མཐའ་སྲུང་སྲ་བརྟན་འཐབ་ས་མདུན་མར་ཐོན་ཡོད་པ་རེད།

    ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པའི་ལམ་ཕུག་ཤང་ཐང་འུ་གྲོང་ཚོར“ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ”ཀྲང་ཙེ་མིང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ“ཏང་དོན་སློབ་ཁང”གི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། 2020ལོ་ནས་བཟུང་ཀྲང་ཙེ་མིང་གནས་སའི་བོད་ལྗོངས་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཏེ་ས་གནས་གཞི་རིམ་ཏང་རྩ་འཛུགས་དང་མཉམ་འབྲེལ་ཐོག་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གནས་སྐབས་ཏང་ཀྲི་པུའུ་17བཙུགས་པ་དང་། དམག་ཉེན་དམག་གི་སྤྱི་སྤྱོད་ལས་སྒྲུབ་ཁང་12མཉམ་སྐྲུན་བྱས་ཏེ་མཐའ་མཚམས་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་དཔོན་དམག་གི་སྐོར་གཡེང་ལས་འགན་ལ་སྟབས་བདེ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།