དམངས་ཡོངས་དཔེ་ཀློག་གི་བྱེད་སྒོ་སྤེལ་བ།
མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་དམངས་ཡོངས་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་གཉེར་ནས་བརྩམས་ཆོས་རྩེ་གྲ་གྱེར་འདོན་དང་། དཔེ་ཀློག་གི་མྱོང་བ་མཉམ་རོལ། ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ལྷ་ས་དང་ཆབ་མདོ་སོགས་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་གྲགས་ཅན་དཔེ་ཁང་5ཡིས་ཁྱད་ལྡན་འགྲེམས་སྟེགས་བཙུགས་ཏེ་དཔེ་ཀློག་ཁྱབ་གདལ་གྱི་གྲུབ་འབྲས་གཅིག་སྡུད་འགྲེམས་སྟོན་བྱས་པ་མ་ཟད། རྣམ་པ་གསར་རྐྱང་གི་མཉམ་འགུལ་དཔེ་ཀློག་བྱེད་སྟངས་ཁྱབ་གདལ་བཏང་བས། ཀློག་པ་པོ་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མེ་ཟོན་པས་ཡིག་གཟུགས་བརྩམས་ཆོས་ལ་ལྟ་བཞིན་པ།