དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས“ཚོང་འདུས་ཐོག་བཅའ་ཁྲིམས་ཁྱབ་གདལ”གྱི་བྱེད་སྒོ་སྤེལ་ནས། བློ་འདྲིའི་ལས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། གྱོད་དཔེའི་བརྙན་ཐུང་སྟོན་པ་སོགས་ཀྱི་བྱེད་སྟངས་བརྒྱུད། ཚོང་དུད་དང་། ཁེ་ལས། མང་ཚོགས་བཅས་ལ་དམངས་དོན་ཁྲིམས་གཞུང་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དཔེ་མཚོན་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པ་མ་ཟད། གན་རྒྱའི་རྩོད་གཞི་དང་ངལ་རྩོལ་མི་སྤྱོད་སོགས་རྒྱུན་མཐོང་གི་གནད་དོན་ལ་དམིགས་ནས“གཅིག་གཏད་གཅིག”གི་བཅའ་ཁྲིམས་ཀྱི་མཛུབ་ཁྲིད་བྱས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་དཔེར་གཞིགས་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་སྟེ་ཚོང་དུད་དང་ཁེ་ལས་ལ་ཡིད་རྟོན་གཉེར་སྐྱོང་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ་རེད།

    འདི་ནི་ཁྲོམ་གཞུང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།