དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཝུན་ཧོའེ་ཤོན་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོའི་ནང་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    ཉེ་ཆར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2025ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཁྱོན་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་56གཟི་བརྗིད་ལྡན་པའི་སྒོ་ནས་མིང་ཐོའི་ནང་ཚུད་ཡོད། དེའི་ནང་རང་ལྗོངས་ཀྱི་གཞིས་རྩེ་རྒྱལ་གྲོགས་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཁ་ལོ་བ་ཝུན་ཧོའེ་ཤོན་བདམས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དུས་ཚིགས་རེར་གཏོད་འདེམས་ཀྱི་བྱེད་སྒོ་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་རེད། 2022ལོའི་ཟླ་9པ་ནས་བཟུང་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཐེངས་10ཁྱབ་བསྒྲགས་བྱས་པ་དང་ཁྱོན་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་538མིང་ཐོའི་ནང་ཚུད་ནས་བྱ་དགའ་ཐོབ་ཡོད།

    2024ལོའི་ཟླ་11པར། ཝུན་ཧོའེ་ཤོན་གྱི་ཉེན་སྐྱོབ་མེ་གསོད་བྱེད་སྤྱོད་དེ་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་གཏན་འཁེལ་བྱས་འདུག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།