ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གིས།
ཐབས་མང་མཉམ་སྤྱོད་ཀྱིས་ཁྲིམས་ལྟར་སྲིད་འཛིན་ནུས་པ་ཆེ་རུ་བཏང་བ།
ཉེ་ཆར་གསར་འགོད་པར་དཔལ་མགོན་རྫོང་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གིས་ཁྲིམས་སྐྱོང་བསམ་བློའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྲིད་འཛིན་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་དཔལ་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བ། འགལ་བ་དང་རྩོད་གཞི་ཁྲིམས་ལྟར་སེལ་བ་བཅས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
མན་ཐང་ཤང་དུ་བཅའ་སྡོད་དཔལ་མགོན་རྫོང་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་འདུམ་འགྲིག་ལས་དོན་ཁང་བཙུགས་ཏེ། “གླ་ཕོགས་དང་། ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ། གྱོད་གཞི་གཞིར་བཟུང་ཁ་གསབ་སྤྲོད་པ། ལོ་མཇུག་གི་རིམ་པ་དཔྱད་བསྡུར་གཏན་འབེབས་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་པ་དང་། ཆེད་བསྐོས་འདུམ་འགྲིག་པ་གདན་ཞུ་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་ཞིང་། སྣ་མང་ཅན་གྱི་འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་རིམ་ཁག་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་བ་དང་རྩོད་གཞི་ཐེངས་5150ལྷག་ཙམ་ཞིབ་བཤེར་བྱས་པ་དང་། གྱོད་གཞི་ཁག་209བདག་སྤྲོད་བྱས་པ། གྱོད་གཞི་ཁག་206བདེ་བླག་ངང་འདུམ་འགྲིག་ཐག་གཅོད་བྱས་ཡོད། དེའི་ནང་ཁྲིམས་འཛིན་གཏན་འཁེལ་བྱས་པའི་གྱོད་གཞི་ཁག་55ཡོད་པ་དང་། འདུམ་འགྲིག་བྱུང་ཚད་99%ཟིན་པ། འབྲེལ་ཡོད་དངུལ་གྲངས་སྒོར་ཁྲི་289ཟིན་ཡོད།
བཅའ་ཁྲིམས་བློ་འདྲི་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་ཁྲིམས་རྩོད་པ་དང་གཞུང་ལས་ཁྲིམས་རྩོད་པ་སྲིད་འཛིན་ཐབས་ཇུས་གལ་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་ལུགས་ཞིབ་བཤེར་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་གྲོས་དོན་གྱི་ཁྲིམས་ལུགས་ཞིབ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ། གན་རྒྱ(གྲོས་མཐུན)སྣ་ཚོགས་ཁག་200ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་འབྲེལ་བཅའ་ཁྲིམས་བསམ་འཆར་ཡི་གེ་200ལྷག་ཙམ་བཏོན་པར་དངུལ་གྲངས་སྒོར་དུང་ཕྱུར་13ལྷག་ཙམ་ཟིན་པ་དང་བསམ་འཆར་དང་ལེན་བྱེད་ཚད་99%ཡན་ཟིན་ཡོད།
“བཅའ་ཁྲིམས་གསལ་རྟོགས་པ”དང་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་དུད་ཚང་གསོ་སྐྱོང་ཧུར་ཐག་བྱས་ཏེ་གཞི་རིམ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རྗེས་གྲབས་དམག་དཔུང་དང་སྟོབས་ཤུགས་གསར་པར་འགྱུར་བར་བྱས་ཡོད། མར་རྡིས་གྲོང་ལྷན་གྱི་ཁྲིམས་སྐྱོང་ཐང་ཆེན་དང་སྤོ་ཆེ་ཤང་གི་གཞོན་ནུ་ལོ་ཆུང་ཁྲིམས་སྐྱོང་སློབ་གསོ་རྟེན་གཞི་སོགས་བསྐྲུན་ཡོད།
སྲིད་འཛིན་ཁྲིམས་སྒྱུར་གྱི་སྤྱི་ཚོགས་ལྟ་སྐུལ་པ་25ཡོངས་བསྒྲགས་ངང་བསྡུས་ནས་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤྱི་ཚོགས་ལྟ་སྐུལ་ཐེར་འདོན་གྱི“གྱོད་གཞིར་བརྟེན་ནས་ཁ་གསབ་གཏན་འཁེལ་བྱེད་པའི”ལས་ཀའི་ལམ་སྲོལ་བཏོན་པ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་དང་། སྤྱི་བསྒྲགས་ལམ་ལུགས། ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་སྲོལ་བཅས་དོན་འཁྱོལ་ནན་པོ་བྱས་ཡོད། མིག་སྔའི་བར་དཔལ་མགོན་རྫོང་གི་ཁྲིམས་སྒྱུར་སྡེ་ཚན་ཁག་གིས་ཞིབ་བཤེར་ཐེངས་600ལྷག་ཙམ་བྱས་པ་དང་། སྲིད་འཛིན་ཆོག་འཐུས་དོན་ཚན་200ལྷག་ཙམ་བསྒྲུབས་པ། སྲིད་འཛིན་ཆད་གཅོད་ཐེངས་73བྱས་པར་དངུལ་གྲངས་སྒོར་ཁྲི་32ལྷག་ཙམ་ཟིན་ཡོད། འདུམ་འགྲིག་བྱེད་ཚད་དང་། བློ་ཡིད་ཚིམ་ཚད། ཐག་གཅོད་བྱེད་ཚད་བཅས་ཚང་མ་100%ཟིན་ཡོད།