གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྱིམ་བདག་ཚོགས་འདུ་འཚོགས་པ།
ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་སློབ་གསོའི་ནུས་ཕྱོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། “ཕྲུ་གུ་གཅིག་ལ་སློབ་གསོ་བརྒྱབ་ནས་ཁྱིམ་ཚང་ཡོངས་སྐུལ་ཁྲིད་བྱེད་པའི”མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི་ཕན་འབྲས་བརྟན་དུ་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རིམ་ཁག་མི་སྣ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ། ལག་གདང་སྦྲེལ་བའི་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྱིམ་བདག་ཚོགས་འདུ་འཚོགས་པ་རེད། བྱེད་སྒོར་ཤེས་བྱ་ཁྱབ་གདལ་དང་མཉམ་འགུལ་མྱོང་རོལ་སོགས་ཀྱི་བྱ་ཐབས་བརྒྱུད། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ཏེ། རྣམ་པ་འདྲ་མིན་གྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱིམ་ཚང་ཁྲི་ཕྲག་མང་པོར་ཁྱབ་པར་བྱས་ཏེ། ཁྱིམ་ཚང་བདེ་འཇགས་ཀྱི“མེ་ཟོན་གྱང”བརྟན་དུ་ཏན་ཏིག་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བརྗོད་པ་རེད།